ཀྲུང་གོ་བོད་ཀྱི་དྲ་བ།

གསེར་གྱོམ་རྒྱལ་ཁབ་ཀྱི་རིག་གནས་པུའུ་ཀྲང་གྲོས་ཚོགས་སྐབས་གསུམ་པ་ཨ་ཧྥེ་རི་ཁ་ལྷོ་མ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་སགར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསེར་གྱོམ་རྒྱལ་ཁབ་ཀྱི་རིག་གནས་པུའུ་ཀྲང་གྲོས་ཚོགས་སྐབས་གསུམ་པ་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་མཱ་ལོ་ཕིན་ནས་སྤེལ། རྒྱལ་ཁབ་ལྔ་ཡིས་མཱ་ལོ་ཕིན་བསྒྲགས་གཏམ་བཀོད་དེ། གསེར་གྱོམ་རྒྱལ་ཁབ་ཀྱི་རིག་གནས་འཕེལ་རྒྱས་དང་རིག་གནས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་། མཉམ་ལས། གསར་གཏོད། གྲོགས་པོའི་འབྲེལ་བའི་འཛུགས་སྐྲུན་བཅས་ལ་ཡར་སྐུལ་བཏང་། 

སྐབས་འདིའི་གྲོས་ཚོགས་ཀྱི་གྲུབ་འབྲས་ཡིག་ཆ་མཱ་ལོ་ཕིན་བསྒྲགས་གཏམ་ལ་ཕྱོགས་སོ་སོས་རིག་གནས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐུན་མོང་ལྟ་ཚུལ་མང་བོ་འདུས་ཡོད་པ་དང་། ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ནང་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་ཁ་ཕྱོགས་དང་བྱེ་བྲག་ཁྱབ་ཁོངས། ལས་གཞི། ནང་དོན་བཅས་གཏན་འཁེལ་གསལ་བོ་བྱས་ཡོད། བསྒྲགས་གཏམ་ལྟར་ན། རྒྱལ་ཁབ་ལྔ་ཡིས་གསེར་གྱོམ་རྒྱལ་ཁབ་རིག་གནས་བྱ་བའི་ཚན་ཆུང་བརྩོན་ལེན་བྱས་ཏེ། ལས་ཁུངས་དངང་གློག་བརྙན། འགུལ་རིས། གྱོན་ཆས། རིག་གནས་ཤུལ་བཞག་བཅས་ཀྱི་མཉམ་ལས་ལ་ཡར་སྐུལ་གཏོང་རྒྱུ་ཡིན་པ་དང་། ཞོར་དུ་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ཁྱབ་ཁོངས་གསར་བ་འཚོལ་ཞིབ་བྱེད་རྒྱུ་ཁས་ལེན་བྱས། 
རྒྱལ་ཁབ་སོ་སོའི་འཐུས་མིས་གྲོས་ཚོགས་སྐབས་སུ་གསེར་གྱོམ་རྒྱལ་ཁབ་ཀྱི་མཛེས་རྩལ་ཁང་མནའ་འབྲེལ་དང་ན་གཞོན་བྱིས་པའི་ཟློས་གར་མནའ་འབྲེལ། རྟེན་མཛོད་ཁང་མནའ་འབྲེལ། དཔེ་ཁང་མནའ་འབྲེལ་སོགས་ཀྱིས་ཉིས་སྟོང་བཅོ་བརྒྱད་ལོར་བྱ་འགུལ་སྤེལ་བའི་གནས་ཚུལ་སྙན་ཞུར་ཉན་པ་དང་། གསེར་གྱོམ་རིག་གནས་མཉམ་ལས་ཀྱི་ནང་དོན་དང་བྱེད་ཐབས་སྐོར་གྱི་སྙན་ཞུར་གྲོས་བསྡུར་བྱས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།