ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་གསར་བ་བསྐོ་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་ནོར་ཝེའི་ཕྱི་འབྲེལ་དཔོན་པོ་ཕའེ་ཁའེ་རོའུ་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་གསར་བར་བསྐོ་འཇོག་བྱས་ཏེ། མི་སྒེར་གྱི་རྒྱུ་རྐྱེན་དབབང་གིས་ལས་གནས་དང་བྲལ་བའི་ཏི་མུས་སི་ཐུའུ་ལཱ་ཡི་ཚབ་བྱེད་དུ་བཅུག 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པས་ཉིན་དེར་གསལ་སྒྲོག་སྤེལ་ནས། ཕའེ་ཁའེ་རོའུ་ལ་ལོ་ངོ་བཅུ་ཕྲག་འགའི་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཉམས་མྱོང་ཡོད་པ་དང་། སྔོན་ཆད་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ནོར་ཝེའི་འཐུས་མི་དང་མཉམ་འབྲེལ་རྒྱལ་ཚོགས་ལེ་པཱ་ནུན་གནད་དོན་གྱི་དམིགས་བསལ་མཐུན་སྦྱོར་པ་སོགས་ཀྱི་འགན་ཁུར་མྱོང་། 
ཕའེ་ཁའེ་རོའུ་ཡི་སྔོན་ཆད་ཀྱི་མིང་ལ་ཅི་ཨར་ཕིས་ཏི་སིན་ཟེར་བ་དང་། ད་ལྟ་ཀྲུང་གོར་སྡོད་པའི་ནོར་ཝེའི་གཞུང་ཚབ་ཆེན་མོའི་འགན་ཁུར་ཡོད།
ཏི་མུས་སི་ཐུའུ་ལཱ་ནི་ཉིས་སྟོང་བཅུ་བཞི་ལོའི་ཟླ་བདུན་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉར་བསྐོ་འཇོག་བྱས། ཟླ་བཅུ་བའི་ཟླ་མགོར། ཏི་མུས་སི་ཐུའུ་ལཱ་ཡིས་ཟླ་བཅུ་གཅིག་པར་ལས་འགན་བསྐྱུར་ནས། ཁྱིམ་མི་དང་མཉམ་དུ་འཚོ་བ་རོལ་རྒྱུ་ཁྱབ་སྒྲོག་བྱས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།