ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་ནས་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་བསྟན་དོན། སི་ཧེ་ཉེ་འདབས་ཀྱི་གཞུང་ལམ་ཨང་དགུ་བཅུ་བའི་སྟེང་ཉིན་དེར་རླངས་འཁོར་གཉིས་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག 

དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། མི་བརྒྱད་དྲུད་པའི་རླངས་འཁོར་ཞིག་དང་རླངས་འཁོར་གཞན་པ་ཞིག་ཐོ་བརྒྱབ་ནས་མེར་འབར་བ་དང་། རླངས་འཁོར་སྟེང་གི་མི་བརྒྱད་པོ་ཚང་མ་རྐྱེན་ལམ་དུ་ཤོར། རླངས་འཁོར་གཞན་པའི་སྟེང་མི་གསུམ་ལ་རྨས་ཕོག་ཀྱང་ཚེ་སྲོག་ལ་ཉེན་ཁ་མེད། མིག་སྔར་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། 

བསྒྲགས་པ་ལྟར་ན། རྐྱེན་ལམ་དུ་ཤོར་བའི་མི་བརྒྱད་པོ་དེ་ནི་བྱིས་པ་དྲུག་དང་ཕ་མ་གཉིས་བཅས་ཁྱིམ་ཚང་གཅིག་གི་མི་ཡིན་པ་རེད། 

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཐེངས་འདིའི་དོན་རྐྱེན་ནི་ཡིད་སྐྱོ་བའི་དོན་ཞིག་རེད་ཟེར། ཁོས་ད་རུང་དབྱི་སི་རལ་གྱི་མང་ཚོགས་དག་ཕྱིར་འགྲོ་སྐབས་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་གསལ་འདེབས་བྱས། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།