ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་བཅོ་བརྒྱད་ལོའི་དྭངས་གསལ་གྱི་མཁའ་དབྱིངས་ཞེས་པའི་རྒྱལ་ཁབ་མང་བོའི་མཁའ་དམག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཝུའུ་ཁི་ལན་ནས་མཇུག་སྒྲིལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཁི་ལན་མཁའ་དམག་གི་བཀོད་འདོམ་པུའུ་ཡིས་ཚེས་བཅུ་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། དུས་ཡུན་ཉིན་བཅུ་གཅིག་ཡིན་པའི་ཉིས་སྟོང་བཅོ་བརྒྱད་ལོའི་དྭངས་གསལ་གྱི་མཁའ་དབྱིངས་ཞེས་པའི་རྒྱལ་ཁབ་མང་བོའི་མཁའ་དམག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཚེས་བཅུ་དགུའི་ཉིན་ཝུའུ་ཁི་ལན་ནས་མཇུག་སྒྲིལ་ཟེར། 

དབྱིན་ཇི་དང་རོ་མཱ་ནི་ཡཱ། པུ་ལི་ཧྲི། ཕའོ་ལན། ཧི་ལན། ཏན་མག ཨེ་སོ་ནི་ཡཱ། ཨ་མེ་རི་ཁ། ཝུའུ་ཁི་ལན་བཅས་རྒྱལ་ཁབ་དགུའི་འཐབ་འཛིང་གནམ་གྲུ་ལྔ་བཅུ་དང་མཁའ་དམག་བདུན་བརྒྱ་དམག་དོན་སྦྱོང་བརྡར་ལ་ཞུགས། 
བསྒྲགས་པ་ལྟར་ན། དམག་དོན་སྦྱོང་བརྡར་དེར་མཁའ་ཁོངས་ནས་མཉམ་འབྲེལ་འགོག་སྲུང་འགུལ་སྐྱོད་སྤེལ་བ་དང་། བར་སྣང་དམག་ཤུགས་རྩ་འཛུགས་བྱས་ཏེ་འཕྲལ་མྱུར་སྨན་བཅོས་རོགས་སྐྱོར་དང་རྨས་མ་ས་གཞན་དུ་བསྐྱལ་བ། བར་སྣང་རོགས་སྐྱོར་དང་སྔོག་བཤེར། མཉམ་འབྲེལ་གྱིས་འཕྲིན་གཏོང་བར་ཆད་ལ་རྒོལ་བ་སོགས་འདུས་ཡོད་ཟེར། 
ཉིས་སྟོང་བཅོ་བརྒྱད་ལོའི་དྭངས་གསལ་གྱི་མཁའ་དབྱིངས་ཞེས་པའི་རྒྱལ་ཁབ་མང་བོའི་མཁའ་དམག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ནི་ཉེ་བའི་ལོ་འགའི་རིང་ཝུའུ་ཁི་ལན་ནས་སྤེལ་བའི་གཞི་རྒྱ་ཆེས་ཆེ་བའི་རྒྱལ་ཁབ་མང་བོའི་མཁའ་དམག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཞིག་ཡིན་པ་དང་། དམག་དོན་སྦྱོང་བརྡར་དེ་ཝུའུ་ཁི་ལན་གྱི་ཝུན་ནེ་ཁྲ་ཀྲིག་དང་ཧི་མེ་ལེ་ནེ་ཚི་ཅི་ཀྲིག་ནས་སྤེལ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།