ཀྲུང་གོ་བོད་ཀྱི་དྲ་བ།

ཐུ་ནི་ཞི་ཡཱ་རུ་ཆར་བ་དྲག་པོ་བབས་ཏེ་མི་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུ་ནི་ཞི་ཡཱའི་ནང་སྲིད་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཐུ་ནི་ཞི་ཡཱ་རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བར་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་ཆར་བ་དྲག་པོ་བབས། མིག་སྔའི་བར་བསྡོམས་པས་མི་ལྔ་དྲག་ཆར་ལས་བྱུང་བའི་དོན་རྐྱེན་སྣ་ཚོགས་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་།  གཞན་ཡང་མི་གཉིས་གར་སོང་རྙེད་མེད་ཟེར། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། དྲག་ཆར་ལས་ཐུ་ནི་ཞི་ཡཱ་རྒྱལ་ཡོངས་ཀྱི་ས་འོག་རྒྱུ་ལམ་མང་བོར་གཏོར་བརླག་ཐེབས་པ་དང་། འགྲིམ་འགྲུལ་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས། ཐུ་ནི་ཞི་ཡཱ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་གནམ་གྲུ་གཏོང་ཐེངས་མང་བོ་གྲོང་ཁྱེར་གཞན་པར་མི་འབབ་ཐབས་མེད་བྱུང་། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གིས་ཚེས་བཅོ་བརྒྱད་ཉིན་སློབ་ཁྲིད་མཚམས་བཞག་ཡོད་ཟེར། 

ཐུ་ནི་ཞི་ཡཱའི་ཙུང་ལི་ཧྲ་ཧི་ཏི་ཡིས་ཚེས་བཅུ་བདུན་ཉིན་སྲིད་གཞུང་གི་དཔོན་རིགས་ཀྱིས་བྲེལ་མྱུར་འགུལ་སྐྱོད་སྤེལ་ཏེ་མི་དམངས་ཕྱིར་འཐེན་བྱེད་པར་རོགས་རམ་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།