ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ལཱའི་ཕྱི་འབྲེལ་བློན་ཆེན་ཁི་ཆཱ་སི་ཡིས་ལས་ཁུར་དགོངས་ཞུ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ལཱའི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་བཅུ་བདུན་ཉིན་ཁྱབ་སྒྲོག་བྱས་དོན། ཞི་ལཱའི་ཙུང་ལི་ཆི་ཕུའུ་ལཱ་སི་ཡིས་ཉིན་དེར་ཕྱི་འབྲེལ་བློན་ཆེན་ཁི་ཆཱ་སི་ཡི་ལས་ཁུར་དགོངས་ཞུར་ཆོག་མཆན་བཀོད་ཡོད་ཟེར། 

ཞི་ལཱའི་ཙུང་ལིའི་བཞུགས་ཤག་གིས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཙུང་ལི་ཆི་ཕུའུ་ལཱ་སི་ཡིས་ཉིན་དེར་ཕྱི་འབྲེལ་བློན་ཆེན་ཁི་ཆཱ་སི་ཡི་ལས་ཁུར་དགོངས་ཞུ་དང་ལེན་བྱས་པ་དང་། ཆི་ཕུའུ་ལཱ་སི་ཡིས་གནས་སྐབས་སུ་ཕྱི་འབྲེལ་བློན་ཆེན་གྱི་འགན་ཞོར་དུ་ཁུར་རྒྱུ་ཡིན་པ་རེད། 

གསལ་སྒྲོག་ལས་བཤད་རྒྱུར། ཆི་ཕུའུ་ལཱ་སི་ཡིས་ཞི་ལཱའི་ཕྱི་འབྲེལ་པུའུ་ཡི་ཁྱིམ་མཚེས་རྒྱལ་ཁབ་མཱ་ཆི་ཏོན་གྱི་རྒྱལ་མིང་བསྒྱུར་བའི་གནད་དོན་དང་འབྲེལ་བའི་བྱ་བ་དང་ལེན་བྱས་ཡོད་ཟེར། 

གནས་ཚུལ་ཤེས་མཁན་གྱིས་བཤད་རྒྱུར། ཁི་ཆཱ་སི་ཡིས་ལས་ཁུར་དགོངས་ཞུ་བྱེད་པའི་རྒྱུ་མཚན་ནི་སྲིད་འཛིན་མནའ་འབྲེལ་གྱི་ཁོངས་མིས་མཱ་ཆི་ཏོན་གྱི་རྒྱལ་མིང་བསྒྱུར་བའི་གནད་དོན་ཐད་ནས་བསམ་འཆར་གཅིག་གྱུར་ཡོང་ཐུབ་མེད་པས་རེད། ཆེས་མཇུག་མཐའི་ནེ་ཀིའི་གྲོས་ཚོགས་སྟེང་། ཁོ་དང་ཞི་ལཱའི་རྒྱལ་སྲུང་བློན་ཆེན། སྒེར་ཚུགས་ཞི་ལཱ་ཏང་གི་མགོ་ཁྲིད་པ་ཁན་མེ་ནོའུ་སི་བཅས་ཀྱིས་བར་མཱ་ཆི་ཏོན་གྱི་རྒྱལ་མིང་བསྒྱུར་བའི་གནད་དོན་ཐད་ནས་འགལ་བ་ཚབས་ཆེན་བྱུང་ཡོད་པ་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།