ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་སྲིད་གཞུང་གསར་བས་ཐོག་དང་པོར་ནེ་ཀི་བཅོས་སྒྲིག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཚེས་བཅུ་གཅིག་ཉིན་ད་ལྟའི་དབུ་བཞུགས་བློན་ཆེན་ལཱ་ཀྲ་ཙི་ཡིས་ནེ་ཀི་བཅོས་སྒྲིག་བྱེད་པར་ཆོག་མཆན་བཀོད། 

བཅོས་སྒྲིག་ཚན་ཆུང་གི་ཇུས་གཞི་ལྟར་ན། ནང་སྲིད་དང་ཕྱི་འབྲེལ། ནོར་སྲིད། འཆར་གཞི་དང་རྒྱལ་སྤྱིའི་མཉམ་ལས་སོགས་ལས་གནས་གཙོ་བོའི་བློན་ཆེན་སོར་འཇོག་བྱེད་རྒྱུ་ཡིན་པ་དང་། སྔོན་ཆད་ཀྱི་པུའུ་ཨུ་དྲུག་པོ་ལེགས་སྒྲིག་བྱས་ནས་གསུམ་དུ་གཏོང་རྒྱུ་མ་ཟད། སློབ་གསོ་པུའུ་དང་། ན་གཞོན་དང་རིག་གནས་པུའུ། ཞིང་ལས་དང་ཁོར་ཡུག་པུའུ་བཅས་གསར་འཛུགས་བྱེད་རྒྱུ་རེད། སྔོན་ཆད་ཀྱི་མཐོ་རིམ་སློབ་གསོའི་པུའུ་དང་ན་གཞོན་པུའུ། རིག་གནས་པུའུ། ཞིང་ལས་པུའུ། ཁོར་ཡུག་པུའུ་སོགས་པུའུ་ཨུ་བཅུའི་བློན་ཆེན་གྱི་ལས་འགན་ལེན་རྒྱུ་རེད། 

ཉིན་དེའི་དགོང་མོར་གསར་དུ་འགན་ཁུར་བའི་ནེ་ཀིའི་བློན་ཆེན་གྱིས་རྒྱལ་ས་ཨན་མན་དུ་ཡོད་པའི་རྒྱལ་བོའི་ཕོ་བྲང་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར།  །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།