ཨེ་ཅིབ་དང་སོ་ཏི་ཨ་རབ་ཀྱིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་དམག་ཕྱོགས་ཀྱི་མགྲིན་ཚབ་པས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་དམག་དཔུང་དང་སོ་ཏི་ཨ་རབ་ཀྱི་དམག་དཔུང་གིས་ཉིན་དེར་ནས་བཟུང་ཨེ་ཅིབ་ལྷོ་ཕྱོགས་ས་ཁུལ་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་ཉིན་འགའི་རིང་སྤེལ་རྒྱུ་ཡིན་པ་དང་། དམག་དོན་སྦྱོང་བརྡར་གྱི་ནང་དོན་ལ་འཐབ་འཁྲུག་གཞུང་ལུགས་ཀྱི་སློབ་ཁྲིད་དང་འཐབ་འཁྲུག་རྩལ་ནུས་སྦྱོང་བརྡར། དམག་དོན་སྒྲིག་ཆས་འགྲེམ་སྟོན་སོགས་འདུས་ཡོད། དམག་དོན་སྦྱོང་བརྡར་དེའི་དམིགས་ཡུལ་ནི་ཨེ་ཅིབ་དང་སོ་ཏི་ཨ་རབ་ཀྱི་དམག་དཔུང་བར་གྱི་དམག་དོན་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་ཆེད་དུ་ཡིན་པ་རེད། 

ད་ལོའི་ཟླ་དགུ་བར་ཡང་སོ་ཏི་ཨ་རབ་དམག་དཔུང་ཨེ་ཅིབ་ནས་སྤེལ་བའི་སྐར་མ་འོད་ལྡན་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་ཞུགས་མྱོང་།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།