ཀྲུང་གོ་བོད་ཀྱི་དྲ་བ།

ཝུན་ཙེ་ཡུན་གྱིས་ཁྲའོ་ཞན་ཕྱེད་གླིང་གི་དུས་གཏན་གྱི་ཞི་བདེ་མི་འགྱངས་པར་མངོན་འགྱུར་བྱེད་ཐུབ་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར། ཧན་གོའི་ཙུང་ཐུང་ཝུ་ཙེ་ཡུན་གྱིས་བསྟན་དོན། ཁྲའོ་ཞན་ཕྱེད་གླིང་གི་དུས་གཏན་གྱི་ཞི་བདེ་མི་འགྱངས་པར་མངོན་འགྱུར་བྱེད་སྲིད་ཟེར། 

བསྒྲགས་པ་ལྟར་ན། ཝུན་ཙེ་ཡུན་གྱིས་ཉིན་དེར་ཧྲིག་ཨར་ལུང་ཧྲན་འཐབ་འཁྲུག་རྗེས་དྲན་ཁང་ནས་ཁྲང་ཅིན་ཧུའུ་འཐབ་འཁྲུག་ཐེངས་གསུམ་པའི་དཔའ་བོར་རྗེས་དྲན་བྱེད་པའི་ཚོགས་འདུའི་སྟེང་གོང་གི་གཏམ་བཤད་དེ་སྤེལ་བ་རེད། ཝུན་ཙེ་ཡུན་གྱིས་མྱ་ངན་ཞུ་ཚིག་ནང་བསྟན་དོན། ཧན་གོའི་མང་ཚོགས་ཀྱིས་དུས་ནམ་ཡིན་ཡང་དཔའ་བོ་དེ་རང་སྲོག་བློས་གཏོང་གི་སྙིང་སྟོབས་བརྗེད་མི་སྲིད་པར་དུས་ནམ་ཡང་རྗེས་དྲན་བྱེད་པ་དང་། ཁྲའོ་ཞན་ཕྱེད་གླིང་གི་དུས་གཏན་གྱི་ཞི་བདེ་མི་འགྱངས་པར་མངོན་འགྱུར་བྱེད་སྲིད་ཟེར། 

ཝུན་ཙེ་ཡུན་གྱིས་བསྟན་དོན། ཁྲའོ་ཞན་དང་ཧན་གོ། ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་གཙོའི་གྲོས་མོལ་སྔ་གཞུག་ཏུ་བདེ་བླག་ངང་སྤེལ་བ་དང་། ཁྲའོ་ཞན་དང་ཧན་གོས་ཟླ་དགུ་བའི་ཕེན་རང་ཐུན་མོང་བསྒྲགས་གཏམ་བཀོད་དེ་ཁྲའོ་ཞན་ཕྱེད་གླིང་གི་འཐབ་འཁྲུག་མེད་པའི་རྣམ་པ་གསར་བ་བསྐྲུན། ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་ཉེ་སྔོན་གྲོས་མོལ་ཐེངས་གཉིས་པ་སྤེལ་ཏེ་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་དུས་གཏན་གྱི་ཞི་བདེ་མངོན་འགྱུར་བྱེད་པའི་རླབས་ཆེན་དམིགས་འབེན་ཁྱབ་སྒྲོག་བྱེད་པར་རེ་བ་ཡོད་ཟེར། 

ཝུན་ཙེ་ཡུན་གྱིས་ད་རུང་ཧན་གོ་ཕྱོགས་ཀྱིས་མུ་མཐུད་དུ་གདུང་རུས་སྔོག་འདོན་བྱ་བ་སྤེལ་ཏེ། དཔའ་བོ་ཡོད་ཚད་ཀྱི་གདུང་རུས་ཁྱིམ་མིར་སྤྲོད་རྒྱུ་ཁས་ལེན་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།