ཨེ་ཅིབ་ཉེན་རྟོག་ཕྱོགས་ཀྱིས་པེ་ཞི་ནེ་ཞིང་ཆེན་ནས་འཇིགས་སྐུལ་ཉེས་ཅན་བཅུ་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཉེན་རྟོག་ཕྱོགས་ཀྱིས་ཚེས་དགུ་ཉིན་པེ་ཞི་ནེ་ཞིང་ཆེན་ལྟེ་གནས་ཀྱི་ཨ་ལི་ཧྲི་གྲོང་ཁྱེར་ནས་འཇབ་རྒོལ་དོན་རྐྱེན་སྤེལ་སྐབས་འཇིགས་སྐུལ་ཉེས་ཅན་བཅུ་བསད་ཟེར། 

བསྒྲགས་པ་ལྟར་ན། ཨེ་ཅིབ་ཉེན་རྟོག་ཕྱོགས་ལ་གསང་འཕྲིན་འབྱོར་རྗེས། ཨ་ལི་ཧྲི་གྲོང་ཁྱེ་གྱི་འཇིགས་སྐུལ་ཉེས་ཅན་གྱི་སྦས་སྐོང་བྱེད་ས་ཞིག་ལ་གློ་བུར་དུ་འཇབ་རྒོལ་བྱས། སྐབས་ཐོག་དེར་འཇིགས་སྐུལ་ཉེས་ཅན་དེ་དག་གིས་འགུལ་སྐྱོད་ཅིག་ལ་འཆར་འགོད་བྱེད་བཞིན་ཡོད། འཇབ་རྒོལ་བྱེད་སྐབས་ཉེན་རྟོག་ཕྱོགས་ཀྱིས་འཇིགས་སྐུལ་ཉེས་ཅན་བཅུ་བསད་པར་མ་ཟད། བསྟུད་བརྒྱག་མེ་མདའ་གསུམ་དང་མེ་མདའ་གཉིས། འགད་རྫས་སྐོར་ཞིག་རྩད་གཅོད་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།