ཀྲུང་གོ་བོད་ཀྱི་དྲ་བ།

ཐུ་ནི་ཞི་ཡཱ་དང་སོ་ཏི་ཨ་རབ་ཀྱིས་མཉམ་འབྲེལ་བར་སྣང་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུ་ནི་ཞི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཚེས་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཐུ་ནི་ཞི་ཡཱ་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་ཀྱི་མཁའ་དམག་གིས་ཉིན་དེ་ནས་བཟུང་ཐུ་ནི་ཞི་ཡཱའི་བྱངཕྱོགས་ཀྱི་པུས་སེ་ཏཱ་ཞིང་ཆེན་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་ཟེར། 

ཐུ་ནི་ཞི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཚེས་བཅུ་གཉིས་ཉིན་བར་སྤེལ་རྒྱུ་ཡིན་པ་དང་། དེ་ནི་ཐུ་ནི་ཞི་ཡཱ་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་ཀྱི་དམག་དོན་མཉམ་ལས་ཀྱི་ཁག་ཅིག་ཡིན་ཟེར། 

ཐུ་ནི་ཞི་ཡཱའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་ཕྱོགས་གཉིས་ཀྱི་འཕུར་སྐྱོད་པའི་བར་གྱི་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ་དང་། སྦྱོང་བརྡར་རྣམ་གྲངས་སོ་སོ་ལ་བརྟེན་ནས་འཕུར་སྐྱོད་པའི་ཐག་གཅོད་ནུས་པ་ཇེ་མཐོར་གཏོང་རྒྱུའི་ཆེད་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།