ཀྲུང་གོ་བོད་ཀྱི་དྲ་བ།

ཧཱ་སག་སི་ཐན་གྱི་ཙུང་ཐུང་གིས་ཀྲུང་གོའི་བར་གྱི་མཉམ་ལས་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲན་ལྟར། ཧཱ་སག་སི་ཐན་གྱི་ཙུང་ཐུང་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཧཱ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཧཱ་སག་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ་ཁྱིམ་མཚེས་མཛའ་མཐུན་དང་གཉིས་ཕན་གཉིས་རྒྱལ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་བར་གྱི་འབྲེལ་བའི་མིག་དཔེ་ལྟ་བུར་གྱུར་ཡོད་ཟེར།

ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་གསར་དུ་འགན་ཁུར་བའི་ཧཱ་སག་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲང་ཞའོ་ཡིས་རྒྱལ་ཡིག་སྤྲོད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བཤད་རྒྱུར། ད་ལོའི་ཟླ་དྲུག་པར་ཁོས་ཀྲུང་གོར་འཚམས་འདྲི་བྱས་ཏེ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཆིན་ཏའོ་མཐོ་རིམ་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་གོའི་མགོ་ཁྲིད་པའི་བར་ཐུན་མོང་གི་ལྟ་ཚུལ་གལ་ཆེན་རབ་དང་རིམ་པ་བྱུང་ཡོད་ལ། དེ་ལས་ཧཱ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བའི་ཆུ་ཚད་མཐོ་བ་མཚོན་ཡོད་ཟེར། ཧཱ་སག་སི་ཐན་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་ཐུན་མོང་གི་ལྟ་ཚུལ་དེ་དག་དངོས་འབེབ་བྱེད་བཞིན་ཡོད་པ་དང་། འོད་ཟེར་གྱི་བགྲོད་ལམ་ཞེས་པའི་དཔལ་འབྱོར་སྲིད་ཇུས་གསར་བ་དང་བརྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་སྦྲེལ་མཐུད་གང་ལེགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་གསར་བ་ཁ་སྣོན་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།