ཀྲུང་གོ་བོད་ཀྱི་དྲ་བ།

ཐུ་ནི་ཞི་ཡཱ་ཡིས་ཨར་ཅི་རི་ཡཱའི་བར་གྱི་འཇིགས་སྐུལ་ངོ་རྒོལ་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུ་ནི་ཞི་ཡཱའི་ཙུང་ཐུང་ཨེ་སེ་པུའུ་ཞི་ཡིས་ཚེས་དྲུག་ཉིན་ཨར་ཅི་རི་ཡཱའི་ནང་སྲིད་པུའུ་ཀྲང་པེ་ཏི་ཝེ་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཐུ་ནི་ཞི་ཡཱ་དང་ཨར་ཅི་རི་ཡཱ་རྒྱལ་ཁབ་གཉིས་ཀྱིས་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་དགོས་ཟེར། 

ཨེ་སེ་པུའུ་ཞི་ཡིས་བཤད་རྒྱུར། ཐུ་ནི་ཞི་ཡཱ་དང་ཨར་ཅི་རི་ཡཱའི་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ནི་ཐུ་ནི་ཞི་ཡཱའི་དམིགས་འབེན་གཙོ་བོ་ཞིག་ཡིན་པ་དང་། ཐུ་ནི་ཞི་ཡཱའི་མཐའ་མཚམས་ས་ཁུལ་སྲུང་སྐྱོབ་བྱེད་པ་དང་རྒྱལ་ཁབ་ཡོངས་ཀྱི་གཏན་འཇགས་ལ་ནུས་པ་གལ་ཆེན་ལྡན་ཟེར། 

ཐུ་ནི་ཞི་ཡཱ་དང་ཨར་ཅི་རི་ཡཱ་ཡིས་ཚེས་དྲུག་ཉིན་ནས་བཟུང་མཐའ་མཚམས་ས་ཁུལ་གྱི་ཧྲིན་ཀྲང་གྲོས་ཚོགས་བསྡུས་པ་དང་། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ཞིང་ཆེན་ནས་ཡོང་བའི་དཔོན་རིགས་དག་གིས་སྔར་ལས་ལྷག་པའི་སྒོ་ནས་བདེ་སྲུང་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་བྱེད་ཐབས་ལ་གྲོས་བསྡུར་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།