ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དམག་ཕྱོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ཐག་གཅོད་བྱེད་པར་དམག་ཤུགས་ལ་ཤུགས་སྣོན་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། མ་འོངས་པའི་ཉིན་འགའི་ནང་དབྱི་སི་རལ་དམག་ཕྱོགས་ཀྱིས་ལྷོ་ཕྱོགས་ཀྱི་དབྱི་སི་རལ་དང་ཅཱ་ཧྲའི་འབྲེལ་མཚམས་ས་ཁུལ་དུ་གཞི་རྒྱ་ཆེ་བའི་དམག་དཔུང་བཀོད་སྒྲིག་བྱས་ཏེ། འབྲེལ་མཚམས་ས་ཁུལ་གྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཆོད་དོན་དེ་ནི་ཉིན་དེའི་སྔ་དྲོར་དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཨེ་སུན་ཁི་ཐི་དང་མཐོ་རིམ་དམག་དཔོན། བདེ་འཇགས་སྡེ་ཁག་གི་དཔོན་རིགས་གཞན་པས་གནས་བབ་ལ་དཔྱད་འཇོག་བྱས་རྗེས་བཏོན་པ་ཡིན་ཟེར། གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱིས་མུ་མཐུད་དུ་འགྱུར་བ་མེད་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། འཇིགས་སྐུལ་བྱ་འགུལ་ཕམ་ཉེས་སུ་གཏོང་བ་དང་ཕཱ་ལེ་སི་ཐན་གྱི་མི་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་ཡོང་བར་བཀག་འགོག་བྱེད་རྒྱུ་ཡིན་ཟེར། 
གསལ་སྒྲོག་ལས་བསྟན་དོན། རྒྱལ་སྲུང་དམག་དཔུང་གིས་མ་འོངས་པར་ཅཱ་ཧྲ་ས་ཁུལ་གྱི་གནས་ཚུལ་གང་རུང་ཐག་གཅོད་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།