ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དབྱི་སི་རལ་དབྱི་ལིང་ལྷོ་ཕྱོགས་ས་ཁུལ་གྱི་འཇིགས་སྐུལ་དོན་རྐྱེན་ལ་འབྲེལ་བ་ཡོད་པ་ཁས་ལེན་མ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཟླ་བཅུ་བའི་ཚེས་གཅིག་ཉིན་དབྱི་སི་རལ་དབྱི་ལིང་ལྷོ་ཕྱོགས་ས་ཁུལ་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་འབྲེལ་བ་ཡོད་པ་ཁས་ལེན་མ་བྱས། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཉིན་དེའི་དགོང་མོར་སྤེལ་བའི་གསལ་སྒྲོག་ནང་བཤད་རྒྱུར། དབྱི་ལིང་གིས་དབྱི་སི་རལ་དང་དབྱི་ལིང་ལྷོ་ཕྱོགས་ཀྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་གཅིག་ཏུ་སྦྲེལ་བ་ནི་གནས་ལུགས་མེད་པའི་དོན་ཞིག་རེད་ཟེར། 

ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན། དྲག་ཆས་མི་སྣ་སྐོར་ཞིག་གིས་དབྱི་ལིང་ལྷོ་ཕྱོགས་ཀྱི་ཧུའུ་ཆི་སི་ཐན་ཞིང་ཆེན་ལྟེ་གནས་ཀྱི་ཨ་ཝ་ཧྲི་ནས་བསྡུས་པའི་དབྱི་ལིང་དང་དབྱི་རག་གི་འཐབ་འཁྲུག་བྱུང་ནས་ལོ་ངོ་སོ་བརྒྱད་འགོར་བར་རྗེས་དྲན་བྱེད་པའི་དམག་གཟིགས་མཛད་སྒོའི་སྟེང་འཇབ་རྒོལ་དོན་རྐྱེན་བཟོས་ཏེ། དམག་མི་དང་མང་ཚོགས་འདུས་པའི་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ཅུ་ཙམ་ལ་རྨས་ཕོག

འཇབ་རྒོལ་དོན་རྐྱེན་བྱུང་རྗེས། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མེ་ནེ་དབྱི་ཡིས་བསྟན་དོན། དབུས་ཤར་ས་ཁུལ་གྱི་ཨ་མེ་རི་ཁར་བློ་ཉེ་བའི་སྟོབས་ཤུགས་ཀྱིས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེར་འགན་ཁུར་དགོས་པའི་ཚུལ་བསྟན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་བཤད་རྒྱུར། ས་ཁུལ་འཇིགས་སྐུལ་རིང་ལུགས་ཀྱི་རྒྱབ་སྐྱོར་མཁན་དང་ཁོ་ཚོའི་རྒྱབ་བརྟེན་ཨ་མེ་རི་ཁས་འཇབ་རྒོལ་དོན་རྐྱེན་དེར་འགན་ཁུར་དགོས་པ་དང་། དབྱི་ལིང་གིས་མྱུར་དུ་རྒོལ་ལན་ནན་མོ་སྤྲད་དེ་དབྱི་ལིང་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།