ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་ནས་གྱེན་འཕུར་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཞིག་བྱུང་སྟེ་མི་བརྒྱད་ལ་ཤི་རྨས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཕཱ་ཨར་ཝན་ཞིང་ཆེན་གྱི་དཔོན་རིགས་ཀྱིས་ཟླ་དགུ་བའི་ཚེས་ཉེར་དགུའི་ཉིན་གསར་འགྱུར་ལས་རིགས་ལ་བདེན་དཔང་བྱས་དོན། ཞིང་ཆེན་དེའི་མངའ་ཁོངས་སུ་ཉིན་དེར་དམག་དོན་གྱེན་འཕུར་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བརྒྱད་ལ་ཤི་རྨས་ཐེབས་ཟེར། 

ཕཱ་ཨར་ཝན་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཝ་ཆི་ཏཱ་ཡིས་བཤད་རྒྱུར། ཐེངས་འདིའི་དོན་རྐྱེན་དེ་ཚེས་ཉེར་དགུ་ཉིན་གྱི་ཞོགས་པར་ཞིང་ཆེན་དེའི་སཱ་ཧྥེ་རི་ཁུལ་ནས་བྱུང་བ་རེད། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། ཨ་ཧྥུའུ་ཧན་རྒྱལ་དམངས་དམག་དཔུང་ལ་གཏོགས་པའི་གྱེན་འཕུར་གནམ་གྲུ་དེ་འཕུར་བསྐྱོད་བྱེད་སྐབས་འཕྲུལ་ཆས་ལ་ཆག་སྐྱོན་བྱུང་ནས་སར་ལྷུང་བ་ཡིན་ལ། ཤི་རྨས་ཐེབས་པའི་མི་སྣ་ཚང་མ་རྒྱལ་དམངས་དམག་དཔུང་གི་དམག་མི་ཏག་ཏག་རེད་ཟེར། 

ཝ་ཆི་ཏཱ་ཡིས་གནས་ཚུལ་མང་དུ་གསལ་བཤད་མ་བྱས་པ་དང་། དོན་རྐྱེན་དེར་རྟོག་དཔྱོད་ཞིབ་མོ་བྱེད་དགོས་པའི་ཚུལ་བསྟན། 

གཞན་ཡང་སྨྱན་བྱད་ལ་ལས་བསྒྲགས་པ་ལྟར་ན། གྱེན་འཕུར་གནམ་གྲུ་དེ་ནི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྩ་འཛུགས་ཀྱི་དྲག་ཆས་མི་སྣས་སར་འཕངས་པ་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།