ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་རྒྱལ་སྲུང་པུའུ་ཀྲང་གིས་དབྱི་སི་རལ་ཕྱོགས་ཀྱིས་ཀི་ལན་མཐོ་སྒང་གི་ཁུའུ་ནེ་ཐི་ལཱ་འགག་སྒོ་ཡང་བསྐྱར་སྒོ་འབྱེད་བྱེད་རྩིས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་རྒྱལ་སྲུང་པུའུ་ཀྲང་ལེ་པའོ་མན་གྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱིས་ཀི་ལན་མཐོ་སྒང་གི་དབྱི་སི་རལ་དང་སི་རི་ཡཱའི་འབྲེལ་འདྲིས་མེད་པའི་ས་ཁུལ་གྱི་ཁུའུ་ནེ་ཐི་ལཱ་འགག་སྒོ་ཡང་བསྐྱར་སྒོ་འབྱེད་བྱེད་རྩིས་ཡོད་ཟེར། 

ལེ་པའོ་མན་གྱིས་ཉིན་དེར་ཀི་ལན་མཐོ་སྒང་ཁུའུ་ནེ་ཐི་ལཱ་འགག་སྒོའི་དབྱི་སི་རལ་ཕྱོགས་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱིས་འགག་སྒོ་དེ་ཡང་བསྐྱར་སྒོ་འབྱེད་བྱེད་པར་གྲ་སྒྲིག་བྱས་ཡོད་ཀྱང་། ད་ལྟ་སི་རི་ཡཱའི་རྣམ་འགྱུར་ལ་བལྟ་དགོས་ཟེར། 

ལེ་པའོ་མན་གྱི་བརྗོད་ཚུལ་ལྟར་ན། ཁུའུ་ནེ་ཐི་ལཱ་འགག་སྒོ་ཡོད་སའི་ས་ཁོངས་དེའི་སྤྱིའི་བདེ་འཇགས་གནས་བབ་ཇེ་ལེགས་སུ་སོང་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་ཞིབ་པའི་དམག་དཔུང་ཡང་ཕྱིར་འགག་སྒོ་ས་ཁུལ་དུ་ལོག་ནས། འགག་སྒོ་དེ་ཡང་བསྐྱར་སྒོ་འབྱེད་བྱེད་པར་རེ་སྒུག་བྱས་ཡོད་ཟེར། 

ལེ་པའོ་མན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྐྱར་སྒྲོག་བྱས་དོན། དབྱི་སི་རལ་གྱིས་སི་རི་ཡཱའི་རྒྱལ་ནང་གི་གནས་བབ་ལ་ཐེ་གཏོགས་བྱེད་འདོད་མེད་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།