ཀྲུང་གོ་བོད་ཀྱི་དྲ་བ།

​སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་ཞེས་པའི་དྲག་ཆས་ཉེས་ཅན་སོ་ལྔ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་མཱ་ལིའི་ས་གནས་དཔོན་རིགས་ཀྱིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དམག་དཔུང་གི་རོགས་སྐྱོར་འོག སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་སོ་མཱ་ལིའི་ལྷོ་ཕྱོགས་ཀྱི་ཞེ་པེ་ལེ་ཞོལ་མ་ཀྲིག་གི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དང་འཁྲུག་རྩོད་བྱས་ཏེ། རྩ་འཛུགས་དེའི་ཁོངས་མི་སོ་ལྔ་བསད་ཟེར། 

ཀྲིག་དེའི་དཔོན་རིགས་ཨ་ལི་ཡིས་གསར་འགོད་པར་བཤད་རྒྱུར། ཞག་གཅིག་ལ་བསྟུད་མར་འཁྲུག་རྩོད་བྱས་པ་བརྒྱུད། སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་གི་དྲག་ཆས་པས་ཀྲིག་དེའི་གྲོང་རྡལ་ཞིག་ལ་སྤེལ་བའི་དཔུང་འཇུག་ཁྲོད་རྒྱལ་ཁ་བླངས་ཡོད་ཟེར། ཨ་ལི་ཡིས་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་སྔ་སྣུར་གྱིས་དྲག་ཆས་ཉེས་ཅན་གྱིས་དཔུང་འཇུག་བྱེད་སྲིད་པའི་གནས་ཚུལ་ཤེས་ཡོད་སྟབས། སྲིད་གཞུང་དམག་དཔུང་ལ་ཤི་རྨས་ཆེར་ཐེབས་མེད། དམག་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་ལ་རྨས་ཕོག 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།