ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་དབྱི་སི་རལ་གྱི་མགོ་ཁྲིད་པས་ཨུ་རུ་སིའི་དམག་དོན་གནམ་གྲུ་སར་འཕངས་པའི་གནད་དོན་ཐད་ནས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཨུ་རུ་སིའི་དམག་དོན་གནམ་གྲུ་སར་འཕངས་པའི་དོན་རྐྱེན་ཐད་ནས་གྲོས་མོལ་བྱས། 

བསྒྲགས་པ་ལྟར་ན། ཐེངས་འདིའི་ཁ་པར་གྲོས་མོལ་ནི་དབྱི་སི་རལ་ཕྱོགས་ཀྱིས་གྲོས་གཞི་བཏོན་པ་རེད། ཕུའུ་ཅིན་གྱིས་ཁ་པར་གཏོང་སྐབས་བཤད་རྒྱུར། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་སི་རི་ཡཱའི་ལཱ་ཐཱ་ཅི་ཡཱ་ཞིང་ཆེན་གྱི་དམིགས་འབེན་ལ་འགས་གཏོར་བཏང་བ་དེས་སི་རི་ཡཱའི་བདག་དབང་ལ་གནོད་པ་བཏང་ཡོད་ལ། དབྱི་སི་རལ་ཕྱོགས་ཀྱིས་ཨུ་རུ་སིའི་བར་བཀོད་པའི་ཕན་ཚུན་བར་ཉེན་ཁའི་བྱ་སྤྱོད་སྙན་ཞུ་བྱེད་པའི་གྲོས་མཐུན་བརྩི་སྲུང་མ་བྱས་སྟབས། ཨུ་རུ་སིའི་དམག་དོན་གནམ་གྲུ་སི་རི་ཡཱའི་མཁའ་སྲུང་མེ་ཤུགས་གི་ཆམ་ཕབ་ཁྱབ་ཁོངས་སུ་ཚུད་དུ་བཅུག་པ་རེད་ཟེར། ཕུའུ་ཅིན་གྱིས་དབྱི་སི་རལ་ཕྱོགས་ཀྱིས་བྱེད་ཐབས་སྤྱད་དེ་རིགས་དེ་མཚུངས་ཀྱི་དོན་རྐྱེན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།