ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་དམིགས་བསལ་ཕོ་ཉ་ཡིས་ཧུའུ་སེ་དྲག་ཆས་པའི་བར་ཞི་བའི་གྲོས་མོལ་སླར་གསོ་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཡིས་ཚེས་བཅོ་བརྒྱད་ཉིན་ཡེ་མིན་དུ་དུས་ཡུན་ཉིན་གསུམ་གྱི་འཚམས་འདྲི་བྱེད་མགོ་བརྩམས། འཚམས་འདྲི་བྱེད་སྐབས་ཀི་ལི་ཧྥེ་སི་ཡིས་སཱ་ནཱ་ཚོད་འཛིན་བྱེད་པའི་ཧུའུ་སེ་དྲག་ཆས་པ་དང་མཉམ་དུ་གཙོ་བོ་ཡེ་མིན་གྱི་ཞི་བའི་གྲོས་མོལ་སླར་གསོ་བྱེད་པའི་ལས་དོན་ལ་གྲོས་བསྡུར་བྱས། 

ཡེ་མིན་སཱ་པཱ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཀི་ལི་ཧྥེ་སི་ཡིས་ཐེངས་འདིའི་འཚམས་འདྲིའི་སྐབས་སུ་ཧུའུ་སེ་དྲག་ཆས་པའི་མཐོ་རིམ་མགོ་བ་འགར་ཐུག་འཕྲད་བྱས་པ་དང་། ཡེ་མིན་གྱི་ཞི་བའི་གྲོས་མོལ་ཇི་ལྟར་སླར་གསོ་བྱེད་པར་གྲོས་བསྡུར་བྱས། བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱི་གྲོས་བསྡུར་ནང་དོན་དེ་ཧི་ཐེ་ཏཱ་དམག་དོན་འཁྲུག་རྩོད་ཀྱི་རིམ་པ་འཕར་རྗེས་ཀྱི་ཡེ་མིན་གྱི་མི་ཆོས་རིང་ལུགས་གནས་བབ་དང་། ཧུའུ་སེ་དྲག་ཆས་པ་སྐོར་ཐེངས་སྔོན་མའི་ཞི་བའི་གྲོས་མོལ་ལ་མ་ཞུགས་པའི་རྒྱུ་རྐྱེན། ཞི་བའི་གྲོས་མོལ་སླར་གསོ་བྱེད་པའི་འབྲེལ་ཡོད་བཀོད་སྒྲིག་བཅས་ལ་འབྲེལ་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།