ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་ལྷོ་མའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལོག་ནས་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་ལྷོ་མའི་ལིན་པའོ་པའོ་ཞིང་ཆེན་དུ་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་འགྲུལ་སྐྱེལ་རླངས་འཁོར་ཞིག་ལོག་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགའ་ལ་རྨས་ཕོག དེའི་ནང་མི་མང་བོའི་རྨས་སྐྱོན་ཚབས་ཆེན་རེད་ཟེར། 

ལིན་པའོ་པའོ་ཞིང་ཆེན་གྱི་དཔོན་པོ་མཱ་ཁི་ཧུའུ་ལུའུ་ཕའེ་ཐི་ཅེ་ཡིས་གསར་འགོད་པར་བཤད་རྒྱུར། དོན་རྐྱེན་བྱུང་བའི་འགྲུལ་སྐྱེལ་རླངས་འཁོར་དེ་ཨ་ཧྥེ་རི་ཁ་ལྷོ་མའི་དངོས་སྐྱེལ་ཀུང་ཟི་ཞིག་ལ་གཏོགས་པ་དང་། འགྲུལ་སྐྱེལ་རླངས་འཁོར་དེ་ཙན་པུ་ཡཱ་ནས་ཨ་ཧྥེ་རི་ཁ་ལྷོ་མར་བགྲོད་བཞིན་ཡོད་པ་དང་། ལིན་པའོ་པའོ་ཞིང་ཆེན་དུ་བགྲོད་སྐབས་གློ་བུར་རྐྱ་བ་བཀད་ནས་འགྲུལ་སྐྱེལ་རླངས་འཁོར་ཁ་ལོ་བྱེད་ཐབས་བྲལ་ཏེ་ལོག་པ་རེད་ཟེར། 

དེ་ལས་ཞན་མི་སུམ་ཅུར་དོན་རྐྱེན་ཁྲོད་རྨས་ཕོག་པ་ཅུང་ཡང་བ་དང་། གཞན་ཡང་ཁ་ལོ་བ་དང་བཅས་པའི་མི་དགུའི་རྨས་སྐྱོན་ཚབས་ཆེན་རེད། རྨས་མ་སྐོར་ཞིག་གྱེན་འཕུར་གནམ་གྲུ་བཀོལ་ནས་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་དུ་བཅུག་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།