ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཙེ་ཨོ་ཕི་ཡཱ་དང་ཨིག་ལི་ཐི་ལི་ཡཱ་ཡིས་སོ་ཏི་ཨ་རབ་ནས་ཞི་བདེའི་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་ཀྱི་རྒྱལ་བོ་སཱ་ལེ་མན་གྱི་མགོ་འཛིན་འོག ཨིག་ལི་ཐི་ལི་ཡཱའི་ཙུང་ཐུང་དབྱེ་སཱ་ཡཱ་སི་དང་ཨེ་ཙེ་ཨོ་ཕི་ཡཱའི་ཙུང་ལི་ཨ་པུས་ཀྱིས་ཚེས་བཅུ་དྲུག་ཉིན་སོ་ཏི་ཨ་རབ་ཀྱི་མཚོ་དམར་འགྲམ་བརྒྱུད་ཀྱི་ཅི་ཏཱ་གྲོང་ཁྱེར་ནས་ཞི་བདེའི་གྲོས་མཐུན་བཀོད། 

སོ་ཏི་ཨ་རབ་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མའོ་ཏི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཀྲང་ཨ་པུའུ་ཏུའུ་ལཱ་བཅས་ཉིན་དེའི་ཞི་བདེའི་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས། 

བསྒྲགས་པའི་གནས་ཚུལ་ལས་ཞི་བདེའི་གྲོས་མཐུན་གྱི་བྱེ་བྲག་གི་ནང་དོན་གསལ་བོར་བསྒྲགས་མེད། 

སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་པེད་ཨར་གྱིས་ཉིན་དེར་བཤད་རྒྱུར། ཨེ་ཙེ་ཨོ་ཕི་ཡཱ་དང་ཨིག་ལི་ཐི་ལི་ཡཱ་ཡིས་ཅི་ཏཱ་ནས་ཞི་བདེའི་གྲོས་མཐུན་བཀོད་པ་ནི་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་ཞིག་ཡིན་པ་དང་། ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་མངོན་འགྱུར་བྱེད་པར་ཕན་ཐོགས་ཡོད་ཟེར། 

སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཨེ་ཙེ་ཨོ་ཕི་ཡཱ་དང་ཨིག་ལི་ཐི་ལི་ཡཱ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཟང་བོ་སྲུང་འཛིན་བྱས་ཡོད། སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ཨེ་ཙེ་ཨོ་ཕི་ཡཱ་དང་ཨིག་ལི་ཐི་ལི་ཡཱ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་ཆེན་པོ་བྱུང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།