ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡཱའི་ཡུལ་གྱར་བར་རོགས་སྐྱོར་བྱེད་པར་མེ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བདུན་མྱུར་དུ་མཁོ་བར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་ཁང་གིས་ཉེ་སྔོན་བསྟན་དོན། སི་རི་ཡཱའི་ཡུལ་གྱར་བ་ས་ཡ་འགའ་དང་དེའི་རྒྱལ་ནང་དུ་འཁྱམས་ཉུལ་བྱུང་བའི་མི་དང་། ཐབས་ཆག་དང་ཉེན་ཁའི་ཆ་རྐྱེན་འོག་འཚོ་བཞིན་པའི་ཡུལ་གྱར་བར་འདོན་སྤྲོད་བྱས་པའི་མ་དངུལ་རོགས་སྐྱོར་མི་འགྱངས་པར་འཛད་ལ་ཉེ་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་ཁང་གིས་བསྟན་དོན། ད་ལོའི་ལོ་མཇུག་གི་སྔོན་ལ་མེ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བདུན་མྱུར་མོར་མཁོ་བ་དང་། འཐབ་འཁྲུག་གི་གནོད་པ་ཐེབས་པའི་སི་རི་ཡཱའི་རྒྱལ་ནང་དང་ཕྱི་རྒྱལ་དུ་ཡོད་པའི་ཡུལ་གྱར་བ་ས་ཡ་མང་བོར་རོགས་སྐྱོར་དང་སྲུང་སྐྱོབ་བྱེད་པའི་ཐད་བཀོལ་དགོས་ལ། ཁོ་ཚོས་མི་འགྱངས་པར་ཐོན་ལ་ཉེ་བའི་འཁྱག་གྲང་གི་དགུན་ཁར་འཚོ་སྡོད་ཐུབ་པར་སྟབས་བདེ་བཟོ་དགོས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་ཁང་གིས་སི་རི་ཡཱའི་ཡུལ་གྱར་བ་ལྔ་བརྒྱ་དང་དྲུག་ཅུར་རོགས་སྐྱོར་བྱས་པ་དང་། དེའི་ནང་ཡུལ་གྱར་བ་ཕྱེད་ཙམ་ནི་བྱིས་པ་ཡིན་ལ། ཁོ་ཚོས་ཐུར་ཁེ་དང་ལེ་པཱ་ནུན། ཅོར་ཏན། དབྱི་རག ཨེ་ཅིབ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཏུ་འཚོ་བ་རོལ་བཞིན་ཡོད། 

ཡུལ་གྱར་བའི་ལས་དོན་ཁང་གིས་བཤད་རྒྱུར། གལ་ཏེ་ནོར་སྲིད་ཀྱི་རྒྱབ་སྐྱོར་མ་ཐོབ་ན། མི་དེ་དག་ལ་སྨན་བཅོས་དང་སློབ་གསོའི་ཐད་ནས་གཟིགས་སྐྱོང་ཐོབ་ཐབས་མེད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གི་མགྲིན་ཚབ་པ་པཱ་ལོ་ཆི་ཡིས་བཤད་རྒྱུར། མཁོ་བའི་མ་དངུལ་མང་ཆེ་བ་སི་རི་ཡཱའི་ཡུལ་གྱར་བར་རོགས་རམ་བྱེད་པའི་ཐད་བཀོད་རྒྱུ་ཡིན་པ་དང་། དེའི་ནང་མེ་སྒོར་བྱེ་བ་བདུན་དང་ས་ཡ་གསུམ་སི་རི་ཡཱའི་མངའ་ཁོངས་སུ་འཁྱམས་པའི་ཡུལ་གྱར་བར་རོགས་སྐྱོར་བྱེད་པའི་ཐད་བཀོལ་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།