ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཁི་ཨར་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ངེས་པར་དུ་ཨུ་རུ་སིའི་བར་གྲོས་མོལ་བྱེད་དགོས་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་ཐའོ་ཝན་དུ་འཚམས་འདྲི་བྱེད་བཞིན་པའི་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་བཅུ་བཞིའི་ཉིན་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་མེན་སི་ཁིའི་གྲོས་མཐུན་དངོས་འབེབ་མ་བྱས་གོང་ཨུ་རུ་སིའི་བཀག་སྡོམ་རྩིས་མེད་དུ་གཏོང་བར་བསམ་བློ་གཏོང་མི་སྲིད་ཀྱང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ངེས་པར་དུ་ཨུ་རུ་སིའི་བར་གྲོས་མོལ་སྲུང་འཛིན་བྱ་དགོས་ཟེར། 

མའོ་ཁི་ཨར་གྱིས་ལི་ཐའོ་ཝན་གྱི་རྒྱལ་ས་ཝེ་ཨར་ཉིག་སི་ནས་ལི་ཐའོ་ཝན་གྱི་ཙུང་ཐུང་ཀི་ལི་པའོ་སི་ཁའེ་ཐི་དང་གྲོས་མོལ་བྱས། མའོ་ཁི་ཨར་གྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མེན་སི་ཁིའི་གྲོས་མཐུན་དངོས་འབེབ་མ་བྱས་གོང་། ང་ཚོས་ཨུ་རུ་སིའི་བཀག་སྡོམ་རྩིས་མེད་དུ་གཏོང་བར་བསམ་བློ་གཏོང་མི་སྲིད་ཟེར། 

ཉིས་སྟོང་བཅུ་བཞི་ལོའི་ཟླ་བཞི་བར། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་པཱ་སི་ས་ཁུལ་ནས་སྲིད་གཞུང་དམག་དཔུང་དང་དམངས་ཁྲོད་དྲག་ཆས་པའི་བར་གཞི་རྒྱ་ཆེ་བའི་འཁྲུག་རྩོད་བྱུང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བར་འདུམ་བྱས་པ་བརྒྱུད། འཁྲུག་རྩོད་ཕྱོགས་གཉིས་ཀྱིས་སོ་སོར་ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་བ་དང་ཉིས་སྟོང་བཅོ་ལྔ་ལོའི་ཟླ་གཉིས་པར་མེན་སི་ཁི་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་དེ། འཁྲུག་རྩོད་མཚམས་འཇོག་པའི་ས་མཚམས་གཏན་འཁེལ་བྱས་ནས་གཞི་རྒྱ་ཆེ་བའི་དྲག་ཆས་འཁྲུག་རྩོད་དེར་ཚོད་འཛིན་ཐེབས་ཀྱང་། གཞི་རྒྱ་ཆུང་བའི་འཁྲུག་རྩོད་སྔར་བཞིན་འབྱུང་བཞིན་ཡོད། 

མའོ་ཁི་ཨར་གྱིས་མཉམ་འབྲེལ་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ངེས་པར་དུ་ཨུ་རུ་སིའི་བར་གྱི་གྲོས་མོལ་སྲུང་འཛིན་བྱེད་དགོས་ཟེར། 

ཀི་ལི་པའོ་སི་ཁའེ་ཐི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཡོ་རོབ་གླིང་གིས་ངེས་པར་དུ་མུ་མཐུད་དུ་འཛམ་གླིང་ཡོངས་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་ཟེར། 

མའོ་ཁི་ཨར་གྱིས་ཚེས་བཅུ་བཞིའི་ཉིན་ལི་ཐའོ་ཝན་དུ་འཚམས་འདྲི་བྱས་པ་དང་། ཁོ་མོས་ལི་ཐའོ་ཝན་གྱི་ཙུང་ཐུང་ཀི་ལི་པའོ་སི་ཁའེ་ཐི་དང་པའོ་ལི་ཏི་མཚོ་ཁོངས་ཀྱི་རྒྱལ་ཁབ་གསུམ་གྱི་ཙུང་ལི་དང་གྲོས་མོལ་བྱས། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།