ཀྲུང་གོ་བོད་ཀྱི་དྲ་བ།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོ་ལོམ་པུ་ཡཱའི་དཔྱད་ཞིབ་ཚོགས་པའི་འགན་ཡུན་ཇེ་རིང་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་གསུམ་ཉིན་གྲོས་ཆོད་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོ་ལོམ་པུ་ཡཱའི་དཔྱད་ཞིབ་ཚོགས་པའི་འགན་ཡུན་དེ་ཉིས་སྟོང་བཅུ་དགུ་ལོའི་ཟླ་དགུ་བའི་ཚེས་ཉེར་ལྔའི་ཉིན་བར་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད། 

གྲོས་ཆོད་ལས་བཤད་རྒྱུར། ཁོ་ལོམ་པུ་ཡཱ་སྲིད་གཞུང་དང་ཁོ་ལོམ་པུ་ཡཱའི་གསར་བརྗེ་དྲག་ཆས་སྟོབས་ཤུགས་ཡིད་འཐད་བྱུང་བའི་སྔོན་འགྲོའི་ཆ་རྐྱེན་འོག བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མུ་མཐུད་དུ་དཔྱད་ཞིབ་ཚོགས་པའི་འགན་ཡུན་ཇེ་རིང་དུ་གཏོང་འདོད་ཡོད་ཟེར། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་བདུན་པར་གྲོས་ཆོད་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོ་ལོམ་པུ་ཡཱའི་དཔྱད་ཞིབ་ཚོགས་པ་བཙུགས་ནས། ཁོ་ལོམ་པུ་ཡཱའི་སྲིད་གཞུང་དང་ཁོ་ལོམ་པུ་ཡཱའི་གསར་བརྗེའི་སྟོབས་ཤུགས་ཀྱི་ཞི་བདེའི་གྲོས་མཐུན་དུས་རིམ་གཉིས་པར་ལག་བསྟར་བྱས་པའི་གནས་ཚུལ་ལ་དཔྱད་ཞིབ་བྱེད་པའི་འགན་ཁུར་བར་ཆོག་མཆན་བཀོད། དཔྱད་ཞིབ་ཚོགས་པ་དེས་ལོ་དེའི་ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན་ནས་བཟུང་བྱ་བ་སྤེལ་མགོ་བརྩམས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།