འཇར་མན་གྱིས་དབྱི་ཐཱ་ལེ་དང་སི་ཕན། ཞི་ལཱ་བཅས་རྒྱལ་ཁབ་གསུམ་བར་ཡུལ་གྱར་བ་ཕྱིར་ལྡོག་པའི་གྲོས་མཐུན་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དེའི་སྔོན་སོ་སོར་སི་ཕན་དང་ཞི་ལཱའི་བར་ཡུལ་གྱར་བ་ཕྱིར་ལྡོག་པའི་གྲོས་མཐུན་བཀོད་རྗེས། འཇར་པན་ནང་སྲིད་པུའུ་ཀྲང་ཙེ་ཧའོ་ཧྥེ་ཨར་གྱིས་ཚེས་བཅུ་གསུམ་ཉིན་ཁྱབ་སྒྲོག་བྱས་དོན། འཇར་མན་གྱིས་དབྱི་ཐཱ་ལེའི་བར་ཡུལ་གྱར་བ་ཕྱིར་ལྡོག་པའི་གྲོས་མཐུན་བཀོད་ཡོད་ཟེར། 

ཉིན་དེར་ཙེ་ཧའོ་ཧྥེ་ཨར་གྱིས་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་ནས་གཏམ་བཤད་སྤེལ་སྐབས་བསྟན་དོན། འཇར་མན་གྱིས་དབྱི་ཐཱ་ལེའི་བར་འབྲེལ་ཡོད་གྲོས་མཐུན་བཀོད་པ་དང་། མིག་སྔར་རྒྱལ་ཁབ་གཉིས་ཀྱི་ནང་སྲིད་པུའུ་ཀྲང་གིས་མིང་བཀོད་ན་ནུས་ལྡན་དུ་འགྱུར་སྲིད་ཟེར། ཁོས་འགྲེལ་བཤད་བྱས་དོན། འགྲོ་འོང་གི་གྲོན་དངུལ་གྲོན་ཆུང་བྱེད་ཆེད། ཕྱོགས་གཉིས་ཀྱིས་རྒྱང་རིང་ནས་ཕན་ཚུན་ཡིག་ཆ་བརྗེ་རེས་བྱེད་པའི་ཐབས་སྤྱད་པ་ཡིན་པས། དངོས་སུ་གྲོས་མཐུན་འགོད་པའི་བྱ་བ་ཡོངས་འགྲུབ་བྱེད་པར་ད་རུང་ཉིན་འགའི་དུས་ཚོད་དགོས་ཟེར། 

འཇར་མན་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། གྲོས་མཐུན་ལས་གཏན་འཁེལ་བྱས་དོན། ཕྱིན་ཆད་འཇར་མན་གྱིས་འཇར་མན་དང་ཨོ་སི་ཁྲུ་རི་ཡཱའི་མཐའ་མཚམས་ས་ཁུལ་ནས་བཀག་པའི་ཡུལ་གྱར་བའི་ཁྲོད་དབྱི་ཐཱ་ལེ་ནས་ཉེན་ཡོལ་རེ་ཞུ་བྱས་མྱོང་མཁན་ཡོད་པ་ཤེས་ན་ཕྱིར་དབྱི་ཐཱ་ལེ་རུ་བསྐྱལ་ཆོག་པ་རེད། བརྗེ་སྤོར་གྱི་ཆ་རྐྱེན་དུ་འཇར་མན་གྱིས་དབྱི་ཐཱ་ལེ་རུ་ཡུལ་གྱར་བ་གཅིག་ཕྱིར་ལྡོག་བྱས་ནས། དབྱི་ཐཱ་ལེ་ནས་མཚོ་ཐོག་ནས་བསྐྱབ་པའི་ཡུལ་གྱར་བ་གསར་བ་ཞིག་དང་ལེན་བྱེད་པའི་འོས་འགན་ཡོད་པ་རེད། 

དེའི་སྔོན་འཇར་མན་གྱིས་ཞི་ལཱ་དང་སི་ཕན་རྒྱལ་ཁབ་གཉིས་བར་ནང་དོན་གཅིག་མཚུངས་ཀྱི་གྲོས་མཐུན་བཀོད་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།