ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་སྔོན་འགྲོའི་ཆ་རྐྱེན་མེད་པར་ཨུ་རུ་སི་དང་འཇར་པན་གྱི་ཞི་བདེའི་ཆིངས་ཡིག་འགོད་དགོས་པའི་གྲོས་གཞི་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་གཉིས་ཉིན། སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པར་ཨུ་རུ་སི་དང་འཇར་པན་གྱི་ཞི་བདེའི་ཆིངས་ཡིག་འགོད་དགོས་པའི་གྲོས་གཞི་བཏོན། 

ཕུའུ་ཅིན་གྱིས་ཉིན་དེར་སྐབས་བཞི་བའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་སྟེང་བཤད་རྒྱུར། ཨུ་རུ་སི་དང་འཇར་པན་གྱིས་ཞི་བདེའི་ཆིངས་ཡིག་འགོད་པའི་གནད་དོན་ཐད་ནས་ལོ་ངོ་བདུན་ཅུར་གྲོས་མོལ་བྱས། ཨུ་རུ་སིའི་ཕྱོགས་ཀྱིས་ད་ལོའི་ལོ་མཇུག་གི་སྔོན་ལ་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པར་ཨུ་རུ་སི་དང་འཇར་པན་གྱི་ཞི་བདེའི་ཆིངས་ཡིག་འགོད་པ་དང་། ཆིངས་ཡིག་ཁྲོད་གྲོས་མོལ་ལ་བརྟེན་ནས་ཨུ་རུ་སི་དང་འཇར་པན་གྱི་རྩོད་གླེང་ཐག་གཅོད་བྱེད་རྒྱུ་གཏན་འཁེལ་བྱ་དགོས་པའི་གྲོས་གཞི་བཏོན། 

ཕུའུ་ཅིན་གྱིས་བཤད་རྒྱུར། འཇར་པན་ནི་ཨུ་རུ་སིའི་གྲོགས་པོ་ཡིན་པ་དང་། ཨུ་རུ་སི་ཡིས་འཇར་པན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། 

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཉིན་དེའི་ཚང་འཛོམས་གྲོས་ཚོགས་སྟེང་བཤད་རྒྱུར། ཁོ་དང་ཙུང་ཐུང་ཕུའུ་ཅིན་གྱིས་གཅིག་གྱུར་དུ་བལྟས་ན། ཨུ་རུ་སི་དང་འཇར་པན་གྱིས་ཞི་བདེའི་ཆིངས་ཡིག་མ་བཀོད་པ་ནི་རྒྱུན་ལྡན་མིན་པའི་སྣང་ཚུལ་ཞིག་ཡིན་པབ་དང་། ཨུ་རུ་སི་དང་འཇར་པན་ཕྱོགས་གཉིས་ཀྱིས་ཆོད་སེམས་བཏོན་ནས་མངའ་ཁོངས་རྩོད་གླེང་གནད་དོན་ཐག་གཅོད་བྱ་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།