ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་དོན་བདུན་སྡེ་ཚོགས་ཀྱིས་ཝེ་ཡེ་ནཱ་རུ་ཡོད་པའི་ཡན་ལག་ཁང་ནས་དབུ་བརྙེས་ནས་ལོ་ངོ་ཉི་ཤུ་འགོར་བར་རྗེས་དྲན་བྱེད་པའི་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་དོན་བདུན་སྡེ་ཚོགས་ཀྱིས་ཝེ་ཡེ་ནཱའི་ཡན་ལག་ཁང་ནས་ཝེ་ཡེ་ནཱ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་བཙུགས་ནས་ལོ་ངོ་ཉི་ཤུ་འགོར་བར་རྗེས་དྲན་བྱེད་པའི་ཚོགས་འདུ་བསྡུས། རྒྱལ་ཁབ་དོན་བདུན་སྡེ་ཚོགས་ཀྱི་ཝེ་ཡེ་ནཱ་ཡན་ལག་ཁང་གི་ཀྲུའུ་ཞི་ཧཱ་ཏིས་ཝ་དང་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་རྒྱུན་སྡོད་གཞུང་ཚབ་པ་ཚོགས་འདུར་ཞུགས། 

ཀྲུང་གོའི་གསར་དུ་འགན་ཁུར་བའི་ཝེ་ཡེ་ནཱ་རུ་རྒྱུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་པའི་འཐུས་མི་ཝང་ཆོན་གྲོས་ཚོགས་ལ་ཞུགས་ཏེ། ཀྲུང་གོའི་རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱེ་ཡིས་བསྐུར་བའི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས། 

ཧཱ་ཏིས་ཝ་ཡིས་གསར་འགོད་པར་བཤད་རྒྱུར། རྒྱལ་ཁབ་དོན་བདུན་སྡེ་ཚོགས་དེ་ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་སོ་བཞིས་གྲུབ་པ་དང་། འཛམ་གླིང་གི་སུམ་ཆའི་གཉིས་ཀྱི་མི་གྲངས་ཀྱི་ཚབ་བྱས་ཡོད་ལ། སྣ་མང་ཅན་དང་ཕྱོགས་མང་རིང་ལུགས་ཀྱི་མཚོན་བྱེད་ཡིན། རྒྱལ་ཁབ་དོན་བདུན་སྡེ་ཚོགས་དང་ཀྲུང་གོའི་བར་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད་པ་དང་། ཀྲུང་གོའི་བར་གྱི་མཉམ་ལས་ལས་རྒྱལ་ཁབ་དོན་བདུན་སྡེ་ཚོགས་དང་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ཤུགས་རྐྱེན་ནུས་པ་དང་གཏམ་བརྗོད་དབང་ཆ་ཇེ་དྲག་ཏུ་སོང་ཡོད། དེང་སྐབས་ཕྱོགས་མང་རིང་ལུགས་ཛ་དྲག་གི་འགྲན་རྩོད་དང་འཕྲད་པའི་སྐབས་སུ། ཀྲུང་གོས་ལངས་ཕྱོགས་གསལ་བོའི་སྒོ་ནས་ཕྱོགས་མང་རིང་ལུགས་ལག་ལེན་དུ་བསྟར་བ་དང་། ཕྱོགས་མང་སྒྲིག་ལམ་ལ་སྲུང་སྐྱོབ་བྱས་ཏེ། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་ཡིད་ཆེས་དང་སྟོབས་ཤུགས་བསྩལ་ཡོད། རྒྱལ་ཁབ་དོན་བདུན་སྡེ་ཚོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་བར་གྱི་མཉམ་ལས་ཟབ་མོ་སྲུང་འཛིན་བྱེད་པ་དང་། ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་ཡར་སྐུལ་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝེ་ཡེ་ནཱ་དོན་གཅོད་ཁང་གི་སྤྱི་ཁྱབ་ལས་འཛིན་པ་ཧྥེ་ཏའོ་ཐའོ་ཧྥུའུ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ལིས་ཡུང་སོགས་ཝེ་ཡེ་ནཱ་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་འགན་ཁུར་བ་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།