མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཉིན་མོར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཉིན་མོའི་བྱ་འགུལ་ཚེས་བཅུ་གཉིས་ཉིན་མན་ཀུའུ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་ནས་སྤེལ་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་དགའ་སྟོན་རྟེན་འབྲེལ་ཞུས། 

ཉིན་དེའི་བྱ་འགུལ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་གཞུང་སྒྲུབ་ཁང་། ཐེ་གོའི་ཕྱི་འབྲེལ་པུའུ་བཅས་ཀྱིས་མཉམ་དུ་སྤེལ་བ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་ལག་རྩལ་མཉམ་ལས་ཚོགས་ཆེན་ནས་པུའུ་དབྱེ་ནོའུ་སི་ཨེ་ལེ་སིའི་འགུལ་སྐྱོད་འཆར་གཞིར་གྲོས་འཆམ་བྱུང་ནས་ལོ་ངོ་བཞི་བཅུ་འགོར་བར་རྗེས་དྲན་བྱས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་དྲུང་ཡིག་གཞོན་པ་ཀྲ་ཧི་ཏིས་ཀྱིས་བྱ་འགུལ་སྟེང་ཞུ་ཚིག་ཕུལ་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་གལ་ཆེན་རང་བཞིན་ནན་བཤད་བྱས། ཁོས་བཤད་རྒྱུར། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཡར་སྐུལ་གཏོང་བ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་ནམ་རྒྱུན་གྱི་བྱ་བའི་ནང་དོན་གཙོ་བོ་ཡིན། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་དག་གི་སྲིད་གཞུང་བར་གྱི་རོགས་སྐྱོར་བྱ་བར་སྐུལ་འདེད་བཏང་སྟེ། ཁོངས་གཏོགས་རྒྱལ་ཁབ་སོ་སོས་འཕེལ་རྒྱས་ཀྱི་འགྲན་རྩོད་ཞི་འཇགས་སུ་གཏོང་བ་དང་མཉམ་ལས་ལ་ཤུགས་སྣོན་པར་རམ་འདེགས་ཀྱི་ནུས་པ་འདོན་སྤྲོད་བྱས་ཡོད་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།