ཀྲུང་གོ་བོད་ཀྱི་དྲ་བ།

ཝུན་ཙེ་དབྱིན་གྱིས་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བར་ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་སྤོབས་པ་ཆེན་པོས་ཆོད་དོན་སྤེལ་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་གྱིས་ཚེས་བཅུ་གཅིག་ཉིན་བསྟན་དོན། ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་འཕེལ་རིམ་དེ་ཉིང་རྡུལ་ནུས་པ་བསྐྱུར་བའི་དུས་རིམ་དུ་བསླེབ་དགོས་ན། ཁྲའོ་ཞན་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་རྒྱང་རིང་ལ་བསམ་བློ་བཏང་ནས་སྤོབས་པ་ཆེན་པོས་ཆོད་དོན་སྤེལ་དགོས་ཟེར། 

ཝུན་ཙེ་དབྱིན་གྱིས་ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས། ཁྲའོ་ཞན་གྱིས་མིག་སྔར་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དང་། ཉིང་རྡུལ་ནུས་པའི་ཚོད་ལྟ་མི་བྱེད་པའི་ཁས་ལེན་བྱས་ཡོད་ལ། ཉིང་རྡུལ་ནུས་པའི་ཚོད་ལྟ་བྱེད་ས་དང་འཕུར་མདའ་གཏོང་འཕེན་བྱེད་ས་མེད་པར་བཏང་བར་མ་ཟད། ཨ་མེ་རི་ཁའི་དམག་མིའི་གདུང་རུས་ཕྱིར་སྤྲད། དེར་དམིགས་ནས་ཨ་མེ་རི་ཁ་དང་ཧན་གོས་ཀྱང་གཞི་རྒྱ་ཆེ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མཚམས་བཞག་ཡོད་ཟེར། 
ཝུན་ཙེ་དབྱིན་གྱིས་བསྟན་དོན། ཕེན་རང་ནས་སྤེལ་རྒྱུ་ཡིན་པའི་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་གྲོས་མོལ་དེ་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་རྩ་བ་ནས་མེད་པ་མངོན་འགྱུར་དང་ཕྱེད་གླིང་གི་ཞི་བདེ་རྐྱེན་སྲོལ་འཛུགས་པའི་གོ་སྐབས་སུ་འགྱུར་དགོས་ལ། དམིགས་འབེན་དེར་གྲུབ་འབྲས་བཟང་བོ་ཐོབ་པར་བྱེད་དགོས། ཁྲའོ་ཞན་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་དུས་ཡུན་རིང་བོའི་དགྲར་འཛིན་གྱི་འབྲེལ་བ་ལས་བྱུང་བའི་ཡིད་ཆེས་མེད་པའི་སྣང་ཚུལ་མེད་པར་བཟོས་ནས། སྔ་མོ་ནས་ལྷག་བསམ་རྣམ་དག་གི་གྲོས་མོལ་སླར་གསོ་བྱེད་དགོས་ཟེར། 
ཝུན་ཙེ་དབྱིན་གྱིས་ད་རུང་བཤད་རྒྱུར། ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་རྩ་བ་ནས་མེད་པར་གཏོང་བར་ཁྲའོ་ཞན་དང་ཨ་མེ་རི་ཁས་གྲོས་མོལ་བྱས་ཏེ་ཐག་གཅོད་བྱ་དགོས་ཀྱང་། ཁྲའོ་ཞན་དང་ཨ་མེ་རི་ཁས་བདེ་བླག་ངང་གྲོས་མོལ་བྱེད་རག་བར་དུ་ཧན་གོས་བར་འདུམ་དང་སྐུལ་འདེད་ཀྱི་ནུས་པ་འདོན་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།