ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་སྔར་ལས་ལྷག་པའི་མགོ་ཁྲིད་ནུས་པ་དང་དོན་དངོས་འགུལ་སྐྱོད་ཀྱིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20180911094053pi1k.jpg

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ནམ་ཟླའི་འགྱུར་ལྡོག་གནད་དོན་ཐད་ནས་གཏམ་བཤད་སྤེལ་སྐབས་བསྟན་དོན། གལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཉིས་སྟོང་ཉི་ཤུ་ལོའི་སྔོན་ལ་ཁ་ཕྱོགས་མ་བསྒྱུར་ན། ནམ་ཟླའི་འགྱུར་ལྡོག་ལེགས་བཅོས་བྱེད་པའི་གོ་སྐབས་ཤོར་སྲིད་པ་དང་། སའི་གོ་ལའི་སྟེང་གི་མིའི་རིགས་དང་དེའི་འཚོ་རྟེན་དུ་གྱུར་བའི་རང་བྱུང་མ་ལག་ལ་གནོད་འཚེ་རང་བཞིན་གྱི་མཇུག་འབྲས་འབྱུང་སྲིད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མིའི་རིགས་སྔར་མེད་ཀྱི་ཚ་དྲོད་ལ་འཕྲད་ཡོད། འཛམ་གླིང་ནམ་ཟླའི་འགྱུར་ལྡོག་རྩ་འཛུགས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། འདས་པའི་ལོ་ངོ་ཉི་ཤུའི་ནང་གཅིག་སྟོང་བརྒྱད་བརྒྱ་ལྔ་བཅུ་ལོར་ཟིན་ཐོ་བྱུང་བའི་ཚུན་ལ། དྲོད་ཚད་ཆེས་མཐོ་བའི་ལོ་བཅོ་བརྒྱད་བྱུང་། ད་ལོར་ཐལ་དྲགས་པའི་ཚ་རླབས་དང་མེ་རི། དྲག་རླུང་། ཆུ་ལོག་བཅས་ཀྱིས་ཤི་རྨས་དང་གཏོར་བརླག་ཚབས་ཆེན་བཟོས། ཟླ་སྔོན་མར་རྒྱ་གར་གྱི་ཁཱ་ལཱ་ལཱ་པང་དུ་ལོ་རྒྱུས་སྟེང་ཆེས་ཚབས་ཆེ་བའི་ཆུ་ལོག་བྱུང་སྟེ། མི་བཞི་བརྒྱ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ལྷག་ལ་འགྲོ་སའི་ཁྱིམ་མེད་པར་གྱུར། ན་ནིང་པའོ་ཏའོ་ལེ་ཀི་ནས་བྱུང་བའི་དྲག་རླུང་ལས་ཀྱང་མི་སྟོང་གསུམ་ཙམ་རྐྱེན་ལམ་དུ་ཤོར་བ་དང་། ཨ་མེ་རི་ཁའི་ལོ་རྒྱུས་སྟེང་གནོད་པ་ཆེས་ཆེ་བའི་ཐལ་དྲགས་ནམ་ཟླའི་གནོད་འཚེ་ཞིག་ཏུ་གྱུར་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ལོ་གསུམ་གྱི་ཡར་སྔོན། འཛམ་གླིང་ཡོངས་ཀྱི་མགོ་ཁྲིད་པས་མཉམ་དུ་བཀོད་པའི་ནམ་ཟླའི་འགྱུར་ལྡོག་གི་ཕཱ་རེ་སིའི་གྲོས་ཆོད་ལས། དྲོད་ཚད་ཇེ་མཐོར་འགྲོ་བ་དེ་ཧྲེ་ཧྲི་ཏུའུ་གཉིས་ཀྱི་ནང་དུ་ཚོད་འཛིན་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཀྱང་། དོན་དངོས་སུ་དམིགས་འབེན་དེ་ནི་ནམ་ཟླའི་འགྱུར་ལྡོག་གི་ཤུགས་ཆེན་ཆེས་ཚབས་ཆེ་བ་སྔོན་འགོག་བྱེད་པའི་མ་མཐའི་དམིགས་འབེན་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།