ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རུལ་སུངས་ལ་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་རུལ་སུངས་དང་དྲག་ཆས་འཁྲུག་རྩོད་ཀྱི་དཔྱད་གླེང་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་ཏེ། རྒྱལ་ཁབ་སོ་སོས་བྱེད་ཐབས་ནུས་ལྡན་སྤྱད་དེ་རུལ་སུངས་ལ་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། རུལ་སུངས་ལས་དྲག་ཆས་འཁྲུག་རྩོད་འབྱུང་སྲིད་པ་དང་། རྣམ་པ་གང་རུང་གི་གཏན་འཇགས་མིན་པ་དང་དྲག་ཤུགས་བྱ་འགུལ་ལ་འབྲེལ་བ་ཡོད། རུལ་སུངས་དེ་ཡང་འཇིགས་སྐུལ་རིང་ལུགས་དང་དྲག་ཤུགས་ཐལ་སྤྱོད་རིང་ལུགས་ལ་འབྲེལ་བ་ཡོད། རུལ་སུངས་ལ་བརྟེན་ནས་ཐོབ་པའི་རྒྱུ་ནོར་དག་ཐལ་སྤྱོད་རིང་ལུགས་ཀྱི་དྲག་ཤུགས་བྱ་འགུལ་དང་འཇིགས་སྐུལ་བྱ་འགུལ་ལ་རོགས་སྐྱོར་བྱེད་པའི་ཐད་བཀོལ་བཞིན་ཡོད་ངེས་རེད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་ངེས་པར་དུ་རུལ་སུངས་ཀྱི་མདུན་གྲས་ནས་བསྡད་དེ། རྒྱལ་ཁབ་ཀྱི་རུལ་སུངས་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས་ཀྱི་ནུས་པའི་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་རྒྱལ་ཁབ་སོ་སོས་ཆོད་སེམས་ཆེན་པོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྤྱི་ཆིངས་ལག་བསྟར་བྱས་ཤིང་། ལག་རྩལ་གསར་བར་བརྟེན་ནས་རུལ་སུངས་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།