ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་སྐྱེས་པ་ཞིག་གིས་གྲི་བཟུང་ནས་འཇབ་རྒོལ་དོན་རྐྱེན་བཟོས་ཏེ་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་གཅིག་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20180824000817mdZo.jpg

 ཟླ8པའི་ཚེས23ཉིན། ཧྥ་རན་སིའི་ཕཱ་རེ་སིའི་ལྷོ་འདབས་ཀྱི་ཐི་ལཱ་ཕུའུ་གྲོང་ཁྱེར་ནས། ཉེན་རྟོག་པ་ཞིག་གིས་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་བཀག་སྡོམ་བྱེད་བཞིན་པ། 

20180824000837xE55.jpg

ཟླ8པའི་ཚེས23ཉིན། ཧྥ་རན་སིའི་ཕཱ་རེ་སིའི་ལྷོ་འདབས་ཀྱི་ཐི་ལཱ་ཕུའུ་གྲོང་ཁྱེར་ནས། ཧྥ་རན་སིའི་ནང་སྲིད་པུའུ་ཀྲང་ཁི་ལུང་གིས་གསར་འགྱུར་ལས་རིགས་ལ་གནས་ཚུལ་མཚམས་སྦྱོར་བྱེད་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས23ཉིན་གྱི་སྔ་དྲོར། སྐྱེས་པ་ཞིག་གིས་རྒྱལ་ས་ཕཱ་རེ་སིའི་ལྷོ་འདབས་ཀྱི་ཐི་ལཱ་ཕུའུ་གྲོང་ཁྱེར་གྱི་སྲང་ལམ་ནས་གྲི་བཟུང་སྟེ་འཇབ་རྒོལ་དོན་རྐྱེན་བཟོས་པ་དང་། མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་གཅིག་ལ་རྨས་ཕོག སྐྱེས་པ་དེ་ཧྥ་རན་སིའི་ཉེན་རྟོག་ཕྱོགས་ཀྱིས་བསད་པ་རེད། 

ཧྥ་རན་སིའི་ནང་སྲིད་པུའུ་ཀྲང་ཁི་ལུང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། རྐྱེན་ལམ་དུ་ཤོར་བ་ནི་སྐྱེས་པའི་བུད་མེད་ཀྱི་གཉེན་ཉེ་གཉིས་ཡིན་པ་དང་། སྐྱེས་པ་དེར་སྨྱོ་ནད་ཚབས་ཆེན་བྱུང་ཡོད་ངེས་རེད་ཟེར། 

བསྒྲགས་པ་ལྟར་ན། སྐྱེས་པ་དེས་འཇབ་རྒོལ་དོན་རྐྱེན་བཟོ་སྐབས་ཆོས་ལུགས་ཀྱི་ཁ་གཡང་སྒྲོག་བཞིན་ཡོད་པ་དང་། དེའི་རྗེས་སུ་ཁང་བའི་ནང་ནས་ཉེན་རྟོག་པར་རྒོལ་ལན་སྤྲད། ཁོ་ཁང་བ་དེ་དང་འབྲལ་རྩིས་བྱེད་སྐབས་ཉེན་རྟོག་ཕྱོགས་ཀྱིས་མེ་མདས་བརྒྱབ་ནས་རྨས་སྐྱོན་ལྗིད་མོ་ཕོག་ནས་ཤི་བ་རེད་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་དེའི་རྗེས་སུ་ཁྱབ་སྒྲོག་བྱས་དོན། འཇབ་རྒོལ་མཁན་ལ་དམིགས་པའི་འགུལ་སྐྱོད་མཇུག་སྒྲིལ་ཡོད་ཟེར། 

ཉེནརྟོག་ཕྱོགས་ཀྱིས་མི་རྣམས་ཀྱིས་འཇབ་རྒོལ་མཁན་གྱི་དམིགས་ཡུལ་ལ་གཟབ་གཟབ་བྱེད་དགོས་པའི་འབོད་སྐུལ་བཏང་། འཇབ་རྒོལ་གྱི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། བསྒྲགས་པ་ལྟར་ན། སྐྱེས་པ་དེས་ཉིས་སྟོང་བཅུ་དྲུག་ལོར་འཇིགས་སྐུལ་རིང་ལུགས་ཀྱི་བསམ་བློ་བསྒྲགས་པས་ཁྲིམས་ཆད་ཕོག་མྱོང་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།