ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་མཁའ་དམག་གིས་བར་སྣང་འཇབ་རྒོལ་བྱས་ཏེ་སོ་མཱ་ལིའི་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་གཉིས་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་དམག་དཔུང་གི་ཨ་ཧྥེ་རི་ཁ་གླིང་དམག་སྤྱི་ཁང་གིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་སོ་མཱ་ལིའི་ལྷོ་ཕྱོགས་སུ་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ཏེ། རྩ་འཛུགས་དེའི་དྲག་ཆས་ཉེས་ཅན་གཉིས་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་བར་སྣང་འཇབ་རྒོལ་ནི་སོ་མཱ་ལི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་རོགས་འདེགས་འོག་སྤེལ་བ་ཡིན་ལ། བར་སྣང་འཇབ་རྒོལ་གྱི་དམིགས་འབེན་ནི་སོ་མཱ་ལིའི་ལྷོ་ཕྱོགས་གྲུ་ཁའི་གྲོང་ཁྱེར་ཅི་སི་མཱ་ཡུག་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ་ཞེ་དྲུག་གི་མཚམས་སུ་ཡོད་པའི་ས་ཁོངས་ཡིན་པ་རེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་མུ་མཐུད་དུ་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སོ་མཱ་ལིའི་ཆེད་མངག་ཚོགས་པ་དང་སོ་མཱ་ལིའི་བདེ་འཇགས་དམག་དཔུང་བར་མཉམ་ལས་བྱས་ཏེ། འཇིགས་སྐུལ་ཉེས་ཅན་དང་དེའི་སྦྱོང་བརྡར་བྱེད་ས་སོགས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར། 

སོ་མཱ་ལིའི་ན་གཞོན་ཏང་ནི་རྟེན་གཞི་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་ལ་སོ་མཱ་ལི་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ལ་ཐེངས་མང་བོར་འཇིགས་སྐུལ་འཇབ་རྒོལ་བྱས་མྱོང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།