ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་མཛད་སྒོ་སྤེལ་ཏེ་སྔོན་ཆད་ཀྱི་དྲུང་ཡིག་ཆེན་མོ་ཨན་ནན་ལ་མྱ་ངན་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་སྐུ་གཤེགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་ཆད་ཀྱི་དྲུང་ཡིག་ཆེན་མོ་ཨན་ནན་ལ་མྱ་ངན་ཞུ་བའི་མཛད་སྒོའི་སྟེང་གཏམ་བཤད། 

ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་ཚེས་ཉེར་གཉིས་ཉིན་མཛད་སྒོ་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་ཆད་ཀྱི་དྲུང་ཡིག་ཆེན་མོ་ཨན་ནན་ལ་མྱ་ངན་ཞུས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད་སྤེལ། 

ཀུའུ་ཐི་ལོས་སི་ཡིས་མྱ་ངན་ཞུ་བའི་མཛད་སྒོའི་སྟེང་བཤད་རྒྱུར། ཨན་ནན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིན་ཐང་ལྟ་བ་མངོན་པར་བྱས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་ཚང་མ་ཁོའི་ལས་གྲོགས་སུ་གྱུར་བར་དགའ་སྤྲོ་ཚད་མེད་སྐྱེས་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཨན་ནན་གྱི་ཆེས་གལ་ཆེ་བའི་ཁྱད་གཤིས་ནི་ཁོའི་མི་གཤིས་ཀྱི་གཟི་འོད་དང་ཉམས་ཞན་པའི་ཆེད་དུ་འབོད་སྐུལ་གཏོང་བ་དེ་རེད། ཁོས་རང་ཉིད་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཁེངས་སྐྱུང་དང་གཤིས་འཇམ། གུས་ལྡན། འགུག་ཤུགས་བཅས་ཀྱི་ལྟག་རྒྱབ་ཏུ་བློ་གྲོས་དང་སྟོབས་ཤུགས་ཆེན་པོ་སྦས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།