ཀྲུང་གོ་བོད་ཀྱི་དྲ་བ།

ཅིན་ཀྲིན་ཨིན་གྱིས་ཡང་བསྐྱར་སན་ཁྲི་ཡོན་རྫོང་གི་འཛུགས་སྐྲུན་ལས་ཡུལ་དུ་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་དགུའི་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ཡང་བསྐྱར་སན་ཁྲི་ཡོན་རྫོང་གི་འཛུགས་སྐྲུན་ལས་ཡུལ་དུ་རྟོག་ཞིབ་བྱས་པ་དང་། ཁོས་ལེགས་བསྒྱུར་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། སན་ཁྲི་ཡོན་རྫོང་དེ་དཔེ་སྟོན་རྫོང་དུ་འཛུགས་སྐྲུན་བྱས་ནས་རྒྱལ་ཡོངས་སུ་ཁྱབ་གདལ་དུ་གཏོང་རྒྱུའི་ཚུལ་བསྟན། 

ཅིན་ཀྲིན་ཨིན་གྱིས་བཤད་རྒྱུར། རང་བྱུང་ས་བབ་ཀྱི་ཁྱད་ཆོས་དང་དཔལ་འབྱོར་ཆ་རྐྱེན་གྱི་ཤུགས་རྐྱེན་མི་འདྲ་བའི་དབང་གིས་རྫོང་སོ་སོའི་འཕེལ་རྒྱས་ལ་བར་ཁྱད་ཆེན་པོ་བྱུང་ཡོད། སན་ཁྲི་ཡོན་རྫོང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་རི་ཁུལ་གྱི་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་བྱེད་ཕྱོགས་བརྩི་སྲུང་བྱས་ཤིང་། དཀའ་ཁག་ཁྲོད་ནས་འཛུགས་སྐྲུན་གྱི་ཚ་རླབས་ཤིག་རྒྱས་སུ་བཅུག་སྟེ་དགའ་འོས་པའི་གྲུབ་འབྲས་བླངས་ཡོད་ཟེར། 

ཅིན་ཀྲིན་ཨིན་གྱིས་ནན་གྱིས་བསྟན་དོན། ཁོས་ཉིན་བཞི་བཅུའི་ནང་སྔ་གཞུག་ཏུ་ཐེངས་གཉིས་ལ་སན་ཁྲིན་ཡོན་དུ་རྟོག་ཞིབ་བྱས་པ་དང་། རྫོང་དེའི་འཛུགས་སྐྲུན་བྱ་བར་མཐོང་ཆེན་བྱེད་བཞིན་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་རྟོག་ཞིབ་བྱེད་སྐབས་རྫོང་དེའི་གློག་ཤུགས་སྒྲིག་ཆས་ལེགས་བཅོས་དང་ལྗང་བསྒྱུར་སྐྱེད་ཚལ་གྱི་ཇུས་འགོད། འཕྲོད་བསྟེན་བདེ་སྲུང་སྒྲིག་ཆས་ཀྱི་འཛུགས་སྐྲུན། སྡོད་དམངས་ཀྱི་ཆུ་བཀོལ་སོགས་གནད་དོན་ཐད་ལ་བྱེ་བྲག་ཏུ་མཛུབ་སྟོན་བྱས་ཏེ། གསར་དུ་བཙུགས་པའི་ཧོས་ཧྲན་ནས་སན་ཁྲི་ཡོན་བར་གྱི་ལྕགས་ལམ་འཛུགས་སྐྲུན་གྱི་རྨང་འདིང་བའི་བཟོ་སྐྲུན་ཚད་ལྡན་མིན་པའི་གནད་དོན་ལ་སྐྱོན་བརྗོད་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།