ཀྲུང་གོ་བོད་ཀྱི་དྲ་བ།

པཱ་ཞིའི་མཐའ་མཚམས་ས་ཁུལ་དུ་ས་དེའི་སྡོད་དམངས་དང་ཝེ་ནེ་ཙུའེ་ལཱའི་ཡུལ་གྱར་བའི་འཁྲུག་རྩོད་དོན་རྐྱེན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པཱ་ཞིའི་བྱང་ཕྱོགས་ཀྱི་ལོ་ལེ་མཱ་ཀྲིག་གི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། ཀྲིག་དེའི་མཐའ་མཚམས་གྲོང་ཁྱེར་ཕཱ་ཁཱ་ལེ་མཱ་ནས་ཉིན་དེར་ས་དེའི་སྡོད་དམངས་དང་ཝེ་ནེ་ཙུའེ་ལཱའི་ཡུལ་གྱར་བའི་འཁྲུག་རྩོད་དོན་རྐྱེན་བྱུང་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། དོན་རྐྱེན་དེ་ཉིན་དེའི་ཞོགས་པར་བྱུང་བ་རེད། ཕཱ་ཁཱ་ལེ་མཱ་གྲོང་ཁྱེར་ནང་གི་ཝེ་ནེ་ཙུའེ་ལཱའི་ཡུལ་གྱར་བའི་འདུས་སྡོད་བྱེད་ས་འགའ་ནས། ས་དེའི་ངོ་རྒོལ་མང་ཚོགས་ཀྱིས་ཝེ་ནེ་ཙུའེ་ལཱའི་མི་རྣམས་ཡུལ་གྱར་བའི་གནས་སྐབས་སྡོད་གནས་ལས་མཐར་སྐྲོད་གཏོང་རྩིས་བྱས་པ་དང་། སྒྲིག་ཆས་མང་བོར་གཏོར་བརླག་ཐེབས་ཡོད་ལ། ཝེ་ནེ་ཙུའེ་ལཱའི་ཡུལ་གྱར་བའི་དངོས་རྫས་མེར་བསྲེག་ཡོད་ཟེར། 

ངོ་རྒོལ་མང་ཚོགས་ཀྱིས་ཕཱ་ཁཱ་ལེ་མཱ་གྲོང་ཁྱེར་དང་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་བར་གྱི་གཞུང་ལམ་དུས་ཚོད་ལྔ་ཙམ་ལ་བཀག ལོ་ལེ་མཱ་ཀྲིག་སྲིད་གཞུང་གིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ། ཀྲིག་དེ་དང་ཝེ་ནེ་ཙུའེ་ལཱའི་མཐའ་མཚམས་གནས་སྐབས་སུ་སྒོ་བརྒྱབ་ཡོད་ཟེར། 

ཕཱ་ཞིའི་སྤྱི་བའི་བདེ་འཇགས་པུའུ་ཡིས་ཉིན་དེར་དྲག་ཆས་མི་སྣ་དྲུག་ཅུ་མངག་ནས་ལོ་ལེ་མཱ་ཀྲིག་ཏུ་སོང་སྟེ་གནས་བབ་གཏན་འཇགས་བྱེད་དུ་བཅུག པཱ་ཞིའི་ཙུང་ཐུང་ཐི་མཱེ་ཨར་གྱིས་ཀྱང་ཚེས་བཅུ་དགུའི་ཉིན་སྤྱི་བའི་བདེ་འཇགས་པུའུ་ཀྲང་རོང་མན་དང་འབྲེལ་ཡོད་ཀྱི་སྲིད་གཞུང་གི་དཔོན་རིགས་གཞན་པར་ཐུག་འཕྲད་བྱས་ཏེ། ལོ་ལེ་མཱ་ཀྲིག་གི་གནས་ཚུལ་ལ་དཔྱད་འཇོག་བྱེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།