ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐཱ་ལེའི་ཟམ་པ་ཞིག་རྡིབས་ཏེ་ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐཱ་ལེའི་བྱང་ཕྱོགས་ཀྱི་རི་ནཱ་ཡཱ་ས་ཁུལ་གྱི་གཞུང་ལམ་ཟམ་པ་ཞིག་ལ་ཚེས་བཅུ་བཞིའི་ཉིན་རྡིབས་སྐྱོན་ཤོར་ནས། ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར། རྒུད་སྐྱོབ་འགུལ་སྐྱོད་དེ་ཛ་དྲག་གིས་སྤེལ་བཞིན་ཡོད། 

ས་དེའི་མེ་གསོད་སྡེ་ཁག་གི་དཔོན་རིགས་ཀྱིས་བཤད་རྒྱུར། མའོ་ལན་ཏིས་ཞེས་པའི་ཟམ་པ་དེའི་རྨིད་སྟོང་གཅིག་ཙམ་ཡོད་ཟམ་ངོས་རྡིབས་སྐྱོན་ཤོར་བ་རེད། སྐབས་ཐོག་དེར་རླངས་འཁོར་ཉི་ཤུ་ཙམ་ཟམ་ངོས་སུ་བགྲོད་བཞིན་ཡོད། མིག་སྔར་སྔར་བཞིན་མི་མང་བོ་རླངས་འཁོར་ནང་དུ་ཁེགས་ཡོད་པ་རེད། དོན་རྐྱེན་བྱུང་སྐབས་རི་ནཱ་ཡཱ་རུ་ཆར་ཆེན་འབབ་བཞིན་ཡོད་ཟེར། 

རྒུད་སྐྱོབ་སྡེ་ཁག་གི་དཔོན་རིགས་ཀྱིས་བཤད་རྒྱུར། དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་རེ་འགར་རྨས་ཕོག་ཡོད་ལ། རྨས་མར་མིག་སྔར་ཚེ་སྲོག་གི་ཉེན་ཁ་མེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།