ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་དང་སི་ཕན་གྱིས་གནས་སྤོར་སྡོད་དམངས་ཕྱིར་ལྡོག་གི་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་པིས་ཏི་མན་གྱིས་ཚེས་བརྒྱད་ཉིན་བཤད་རྒྱུར། འཇར་མན་དང་སི་ཕན་གྱིས་ཚེས་དྲུག་ཉིན་གྲོས་མཐུན་བཀོད་དེ། འཇར་མན་གྱིས་སི་ཕན་ནས་ཐོ་འགོད་བྱས་ཏེ་འགེབས་སྲུང་བརྩོན་ལེན་བྱེད་པའི་གནས་སྤོར་སྡོད་དམངས་ཕྱིར་སི་ཕན་དུ་བསྐྱལ་རྒྱུ་ཡིན་ཟེར།

པིས་ཏི་མན་གྱིས་བཤད་རྒྱུར། ཚེས་བཅུ་གཅིག་ཉིན་ནུས་ལྡན་དུ་འགྱུར་བའི་གྲོས་མཐུན་དེ་ལྟར་ན། གལ་ཏེ་སི་ཕན་ནས་ཐོ་འགོད་བྱས་ཏེ་འགེབས་སྲུང་ཐོབ་པར་རེ་ཞུ་བྱས་པའི་གནས་སྤོར་སྡོད་དམངས་འཇར་མན་གྱི་མངའ་ཁོངས་སུ་འབྱོར་བ་ཤེས་ན། འཇར་མན་གྱིས་དུས་ཚོད་ཞེ་བརྒྱད་ནང་ཕྱིར་སི་ཕན་དུ་བསྐྱལ་རྒྱུ་རེད། སི་ཕན་གྱིས་འཇར་མན་གྱིས་དེར་དགོས་ངེས་ཀྱི་ཁ་གསབ་སྟེར་བའི་རེ་བ་བཏོན་མེད། དེ་ནི་འཇར་མན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པའི་བར་གནས་སྤོར་སྡོད་དམངས་ཕྱིར་ལྡོག་གི་གནད་དོན་ཐད་ནས་བཀོད་པའི་ཕྱོགས་གཉིས་ཀྱི་གྲོས་མཐུན་ཐོག་མ་རེད། 

པིས་ཏི་མན་གྱིས་བཤད་རྒྱུར། འཇར་མན་གྱིས་ཞི་ལཱ་དང་དབྱི་ཐཱ་ལེ་བར་གནས་སྤོར་སྡོད་དམངས་ཕྱིར་ལྡོག་གི་གནད་དོན་ལ་གྲོས་མོལ་བྱེད་བཞིན་ཡོད་པ་དང་། དབྱི་ཐཱ་ལེ་དང་ཞི་ལཱ་རྒྱལ་ཁབ་གཉིས་ཀྱིས་འཇར་མན་གྱིས་དགོས་ངེས་ཀྱི་ཁ་གསབ་སྟེར་དགོས་པའི་རེ་བ་འདོན་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།