ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་འཐུས་ཚབ་ཚོགས་པ་ཨ་མེ་རི་ཁར་སོང་ནས་ཕྱི་འབྲེལ་གྱི་རྩོད་གླེང་ལ་བར་འདུམ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཨིག་ནཱ་ཨར་གྱིས་ཁྲིད་པའི་འཐུས་ཚབ་ཚོགས་པ་ཚེས་བདུན་ཉིན་ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་དུ་སོང་ནས། ཉེ་སྔོན་རྒྱུན་ཆད་མེད་པར་ཛ་དྲག་ཏུ་གྱུར་བའི་ཕྱོགས་གཉིས་ཀྱི་འབྲེལ་བར་འདུམ་འགྲིག་བྱས། 

བསྒྲགས་པ་ལྟར་ན། འཐུས་ཚབ་ཚོགས་པ་དེར་ཐུར་ཁེའི་ཕྱི་འབྲེལ་པུའུ་དང་ཁྲིམས་འཛིན་པུའུ། ནོར་སྲིད་པུའུ་བཅས་ཀྱི་དཔོན་པོ་དགུས་གྲུབ་ཡོད་ལ། ཚེས་བརྒྱད་ཉིན་ཨ་མེ་རི་ཁའི་ཕྱོགས་དང་གྲོས་མོལ་བྱེད་པའི་རེ་བ་ཡོད། 

ཚེས་བདུན་ཉིན་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་གཉིས་ཀྱིས་ཁ་པར་གྲོས་མོལ་བྱས་ཏེ། མིག་སྔའི་ཕྱོགས་གཉིས་ཀྱི་འབྲེལ་བར་གྲོས་བསྡུར་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས། དེ་ལས་གཞན་ཐུར་ཁེའི་རྒྱལ་སྲུང་བློན་ཆེན་ཨ་ཁཱ་ཨར་དང་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་མཱ་ཏིས་སི་གཉིས་ཀྱིས་ཀྱང་ཉིན་དེར་ཁ་པར་བརྒྱུད་དེ། སི་རི་ཡཱའི་གནས་བབ་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།