ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམག་དཔུང་གིས་བར་སྣང་འཇབ་རྒོལ་བྱས་ཏེ་སོ་མཱ་ལིའི་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་དམག་དཔུང་གི་ཨ་ཧྥེ་རི་ཁ་གླིང་གི་དམག་སྤྱི་ཁང་གིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས་གཉིས་ཉིན་སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ཏེ། རྩ་འཛུགས་དེའི་དྲག་ཆས་ཉེས་ཅན་བཞི་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་བར་སྣང་འཇབ་རྒོལ་ནི་སོ་མཱ་ལིའི་སྲིད་གཞུང་གི་རོགས་འདེགས་འོག་སྤེལ་བ་དང་། བར་སྣང་འཇབ་རྒོལ་གྱི་དམིགས་འབེན་ནི་སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏིས་ཧྲ་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ་བརྒྱ་དང་ཉི་ཤུ་ཡོད་པའི་ས་ཁོངས་ནས་བྱུང་བ་རེད་ཟེར། 

ཉིས་སྟོང་བཅུ་གཉིས་ལོར། སོ་མཱ་ལིའི་སྲིད་གཞུང་གསར་བ་བཙུགས་རྗེས། ཨ་མེ་རི་ཁས་རྒྱལ་ཁབ་དེར་དམིགས་བསལ་དམག་དཔུང་ཉུང་ཤོས་མངགས་ཏེ། གཙོ་བོ་སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་བློ་འདོན་པ་དང་ཁྲིད་སྟོན་པའི་འགན་ཁུར་ནས་ན་གཞོན་ཏང་ལ་ཆམ་ཕབ་གཏོང་བར་རོགས་རམ་བྱས། བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་ཡིས་ཉིས་སྟོང་བཅུ་བདུན་ལོར་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར་རྗེས། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཨ་མེ་རི་ཁའི་དམག་དཔུང་གི་སོ་མཱ་ལིའི་དམག་དོན་འགུལ་སྐྱོད་ཀྱི་གཞི་རྒྱ་ཇེ་ཆེར་གཏོང་བའི་རེ་བར་ཆོག་མཆན་བཀོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།