ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སིའི་མཚོ་དམག་གིས་ད་ལོར་གྲུ་གཟིངས་ཉེར་དྲུག་ཁ་སྣོན་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་བདུན་པའི་ཚེས་ཉེར་དགུའི་ཉིན་ཧྲིན་པིས་ཏི་པའོ་ནས་ཨུ་རུ་སིའི་མཚོ་དམག་དུས་ཆེན་གྱི་དགའ་སྟོན་བྱ་འགུལ་ལ་ཞུགས་སྐབས་བསྟན་དོན། ཨུ་རུ་སིའི་མཚོ་དམག་གིས་ད་ལོར་གྲུ་གཟིངས་ཉེར་དྲུག་ཁ་སྣོན་བྱེད་རྒྱུ་ཡིན་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སིའི་མཚོ་དམག་གིས་ད་ལོར་རིགས་སྣ་ཚོགས་ཀྱི་གྲུ་གཟིངས་ཉེར་དྲུག་ཁ་སྣོན་བྱེད་རྒྱུ་ཡིན་པ་དང་། དེའི་ནང་གྲུ་གཟིངས་བཞི་ལ་སྐོར་ཞིབ་འཕུར་མདའ་སྒྲིག་སྦྱོར་བྱེད་རྒྱུ་ཡིན་ཟེར། མིག་སྔར་ཨུ་རུ་སིའི་མཚོ་དམག་གིས་མཚོ་ངོས་ཀྱི་གྲུ་གཟིངས་བཞི་དང་གཞོགས་འདེགས་གྲུ་གཟིངས་གསུམ་ཁ་སྣོན་བྱས་ཡོད། ཨུ་རུ་སི་ཡིས་མུ་མཐུད་དུ་གྲུ་གཟིངས་རུ་ཁག་གི་འཕེལ་རྒྱས་ལ་ཤུགས་སྣོན་བྱས་ཏེ། མཚོ་དམག་གི་སྒྲིག་ཆས་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར།

ཉིན་དེའི་སྔ་དྲོར། ཕུའུ་ཅིན་གྱིས་ཧྲིན་པིས་ཏི་པའོ་ཡི་དམག་གཟིགས་མཛད་སྒོའི་སྟེང་ཨུ་རུ་སིའི་མཚོ་དམག་ལ་རྟེན་འབྲེལ་ཞུས་པ་དང་། མཚོ་དམག་གིས་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས། ད་ལོའི་མཚོ་དམག་གི་དུས་ཆེན་སྟེང་། ཨུ་རུ་སིའི་མཚོ་དམག་གི་པའོ་ལོ་ཏི་མཚོ་ཁོངས་ཀྱི་གྲུ་གཟིངས་རུ་ཁག་དང་། བྱང་ཕྱོགས་གྲུ་གཟིངས་རུ་ཁག མཚོ་ནག་གི་གྲུ་གཟིངས་རུ་ཁག་སོགས་ཀྱི་མི་སྟོང་བཞི་དང་གྲུ་གཟིངས་རིགས་སྣ་ཚོགས་བཞི་བཅུ་ལྷག་གིས་ཧྲིན་པིས་ཏི་པའོ་ནས་ཕུའུ་ཅིན་གྱི་ལྟ་ཞིབ་དང་ལེན་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།