ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ནས་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཐུར་ཁེའི་ནུབ་ཕྱོགས་ཀྱི་ཨེ་ཆིན་མཚོ་མོའི་མཚོ་ཁོངས་སུ་ཟླ་བདུན་པའི་ཚེས་ཉེར་དགུའི་ཉིན་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་གར་སོང་མ་རྙེད།

མི་བཅུ་དྲུག་དྲུད་ཡོད་པའི་གྲུ་གཟིངས་དེ་ཞི་ལཱའི་ལེ་སི་བོ་སི་གླིང་ཕྲན་དུ་འགྲོ་བའི་འཆར་གཞི་ཡོད་པ་དང་། ཐུར་ཁེའི་ནུབ་ཕྱོགས་ཀྱི་པཱ་ལེ་ཁི་ཨེ་ཞི་ཨར་ཞིང་ཆེན་གྱི་ཨེ་ཝ་ལེ་ཁི་ས་ཁུལ་ཉེ་འདབས་ཀྱི་མཚོ་ཁོངས་ནས་རྒྱ་མཚོར་ནུབ། གྲུ་གཟིངས་སྟེང་གི་མི་དགུ་སྲོག་ཉེན་ལས་བསྐྱབས་ཡོད་ཟེར།

ཐུར་ཁེའི་ཨ་ནཱ་ཏའོ་ལུའུ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། གྲུ་གཟིངས་དེའི་སྟེང་དུ་སྡོད་པ་དག་ནི་ཅུའུ་ལོན་རྩ་འཛུགས་ཀྱི་ཁོངས་མི་ཡིན་པ་རེད་ཟེར། ཐུར་ཁེའི་སྲིད་གཞུང་གིས་ཨ་མེ་རི་ཁར་སྡོད་པའི་ཐུར་ཁེའི་ཆོས་ལུགས་མི་སྣ་ཅུའུ་ལོན་ནི་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བདུན་པའི་ཐུར་ཁེའི་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་གྱི་ཇུས་གཞི་འཐེན་མཁན་གཙོ་བོ་ཡིན་པར་སྐྱོན་འཛུགས་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།