ཀྲུང་གོ་བོད་ཀྱི་དྲ་བ།

ཧི་ལན་དང་ཐུར་ཁེ་ཡིས་ཕྱི་ཕྱོགས་འབྲེལ་བ་རྒྱུན་ལྡན་ཅན་དུ་གྱུར་བ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧི་ལན་དང་ཐུར་ཁེའི་སྲིད་གཞུང་གིས་ཚེས་ཉི་ཤུའི་ཉིན་མཉམ་འབྲེལ་གསལ་སྒྲོག་ཅིག་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་གཞུང་ཚབ་ཆེན་མོ་མངག་གཏོང་བྱས་ཏེ། ཕྱི་ཕྱོགས་འབྲེལ་བ་རྒྱུན་ལྡན་ཅན་མངོན་འགྱུར་བྱེད་རྒྱུ་ཐག་བཅད།

གསལ་སྒྲོག་ལས་བཤད་རྒྱུར། ཚེས་བཅུ་གཅིག་ཉིན་པུའུ་ལུའུ་སེར་ནས་སྤེལ་བའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་སུ། ཧི་ལན་གྱི་ཕྱི་འབྲེལ་བློན་ཆེན་དང་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་གྱིས་གྲོས་མོལ་བྱས་ཏེ། ཉིས་སྟོང་བཅུ་བདུན་ལོའི་ཟླ་གསུམ་པར་བྱུང་བའི་ཡིད་འཕང་བའི་དོན་རྐྱེན་དེར་གྲོས་བསྡུར་བྱས་པ་དང་། ཧི་ལན་དང་ཐུར་ཁེ་ནི་མཛའ་མཐུན་རྒྱལ་ཁབ་དང་བྱང་ཆིངས་རྩ་འཛུགས་ཀྱི་མནའ་འབྲེལ་རྒྱལ་ཁབ་ཡིན་ལ། ཐུན་མོང་གི་ཁེ་ཕན་མང་བོ་ཡོད་པ་ནན་བཤད་བྱས། གྲོས་མོལ་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་རང་རང་རྒྱལ་ཁབ་ཀྱིས་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་བར་གྲ་སྒྲིག་བྱས་ཡོད་པའི་ཚུལ་བསྟན་པ་དང་། རྒྱལ་ཁབ་གཉིས་ཀྱིས་གནས་སྤོར་སྡོད་དམངས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་པ་སོགས་གྲོས་གཞི་རབ་དང་རིམ་པའི་ཐད་ཀྱི་འཐབ་ཇུས་མཉམ་ལས་ཀྱི་གལ་ཆེན་རང་བཞིན་ནན་བཤད་བྱས།

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་གང་མགྱོགས་སྒོས་ཕན་ཚུན་བར་གཞུང་ཚབ་ཆེན་མོ་མངག་གཏོང་བྱེད་པའི་བྱ་བ་སླར་གསོ་བྱེད་རྒྱུ་ཡིན་པ་དང་། ཧི་ལན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ད་ལོའི་ལོ་སྨད་ལ་ཐུར་ཁེ་ལ་དངོས་གཞིའི་འཚམས་འདྲི་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།