ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མི་ཉེར་གཉིས་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ནེ་ཀྲི་རི་ཡཱའི་དམག་ཕྱོགས་དང་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཉེ་སྔོན་ནེ་ཀྲི་རི་ཡཱའི་བྱང་ཤར་ས་ཁུལ་ནས་འཁྲུག་རྩོད་བྱས་པ་དང་། དམག་ཕྱོགས་ཀྱིས་དྲག་ཆས་རྩ་འཛུགས་དེའི་ཁོངས་མི་ཉེར་གཉིས་བསད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་བྱེད་སའི་གནས་དེ་པའོ་ཨར་ནོའུ་ཀྲིག་པཱ་མཱ་ས་ཁུལ་དུ་གནས་པ་དང་། ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མི་ཉེར་གཉིས་བསད་པ་ལས་གཞན། ད་རུང་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མི་མང་བོར་རྨས་ཕོག་རྗེས་བྲོས་བྱོལ་བྱས། འཁྲུག་རྩོད་ཁྲོད་དུ་ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱི་དམག་དཔོན་གཅིག་དང་དམག་མི་གཅིག་ལ་རྨས་ཕོག་པ་དང་། མིག་སྔར་དམག་ཕྱོགས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དམག་ཕྱོགས་ཀྱིས་བྲོས་བྱོལ་བྱས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མི་དག་འཛིན་བཟུང་བྱེད་པར་བརྩོན་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།