ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་རྒྱལ་ས་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཞིའི་ཉིན་བདེན་དཔང་བྱས་དོན། རྒྱལ་ས་མའོ་ཅཱ་ཏིས་ཧྲ་ནས་ཉིན་དེར་འགས་གཏོར་དོན་རྐྱེན་ཐེངས་གཉིས་བྱུང་སྟེ། ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར།

མའོ་ཅཱ་ཏིས་ཧྲའི་ཉེན་རྟོག་དཔོན་པོ་ཨ་པུའུ་ཏུའུ་ལཱ་ཡིས་ཞིན་ཧྭ་གསར་འགོད་པར་བཤད་རྒྱུར། རང་སྲོག་གཅོད་པའི་འཇབ་རྒོལ་མཁན་ཞིག་གིས་རླངས་འཁོར་བསྐོར་ནས་ཙུང་ཐུང་བཞུགས་ཤག་ཉེ་འདབས་ཀྱི་ཞིབ་བཤེར་ས་ཚིགས་ཤིག་ལ་ཤོར་ཡོང་བ་དང་། བདེ་འཇགས་མི་སྣས་རླངས་འཁོར་དེར་མེ་མདས་བརྒྱབ་པ་དང་། རླངས་འཁོར་དེ་མ་ཐག་འགས་གཏོར་བྱུང་། སྐར་མ་འགའི་རྗེས་སུ། ཞིབ་བཤེར་ས་ཚིགས་ཉེ་འདབས་ཀྱི་ལམ་ཁ་ནས་ཡང་བསྐྱར་འགས་གཏོར་དོན་རྐྱེན་གཞན་ཞིག་བྱུང་བ་རེད།

བདེ་འཇགས་མི་སྣ་རེ་འགས་བལྟས་ན། འགས་གཏོར་དོན་རྐྱེན་དེ་སོ་མཱ་ལིའི་སྲིད་གཞུང་དང་ཚོང་དོན་མི་སྣ་དུས་རྒྱུན་འགྲོ་འོང་བྱེད་པའི་མགྲོན་ཁང་དེ་ནི་ཐེངས་འདིའི་འཇབ་རྒོལ་གྱི་དམིགས་འབེན་ཡིན་སྲིད་པར་འདོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།