ཀྲུང་གོ་བོད་ཀྱི་དྲ་བ།

དཔལ་ཡོན་ལྡན་པའི་གནའ་བོའི་རྒྱལ་ཁབ་ཀྱི་གླེང་སྟེགས་སྐབས་གཉིས་པ་དེ་པའོ་ལེ་ཝེ་ཡཱ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔལ་ཡོན་ལྡན་པའི་གནའ་བོའི་རྒྱལ་ཁབ་ཀྱི་གླེང་སྟེགས་སྐབས་གཉིས་པ་ཚེས་བཅུ་གསུམ་ཉིན་པའོ་ལེ་ཝེ་ཡཱའི་སྲིད་འཛིན་རྒྱལ་ས་ལཱ་པཱ་སི་ནས་སྤེལ།

ཀྲུང་གོ་དང་ཞི་ལཱ། དབྱི་ཐཱ་ལེ། ཨེ་ཅིབ། དབྱི་རག དབྱི་ལིང་། ཕེ་རུ། ཨེ་མེ་ནི་ཡཱ། པའོ་ལེ་ཝེ་ཡཱ་བཅས་རྒྱལ་ཁབ་དགུ་ནས་ཡོང་བའི་ཚོགས་ཞུགས་འཐུས་མི་དག་གིས་སྟོང་ལོའི་རིག་གནས་དེང་རབས་སུ་ཡོད་པའི་བརྗོད་སྙིང་དེར་དམིགས་ཏེ། དཔལ་ཡོན་གྲོས་མོལ་དང་ཕན་ཚུན་བརྗེ་རེས་ལ་ཡར་སྐུལ་གཏོང་བ་དང་། རིག་དངོས་སྲུང་སྐྱོབ་ལ་ཤུགས་སྣོན་པ། གླེང་སྟེགས་ཀྱི་ཤུགས་རྐྱེན་ཇེ་ཆེར་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་བར་མཉམ་ལས་སྤེལ་བ་སོགས་གྲོས་གཞིའི་ཐད་ནས་རང་རང་གི་ལྟ་ཚུལ་དང་ལངས་ཕྱོགས་རྒྱས་བཤད་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།