ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་གྱི་ཆབ་སྲིད་འདུ་ཚོགས་ཤིག་ལ་རང་སྲོག་གཅོད་པའི་འཇབ་རྒོལ་ཐེབས་ཏེ་མི་སོ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

12e64debf67879558fbdf2db25b9428f.jpg

ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། ཕཱ་ཁི་སི་ཐན་གྱི་ཁོས་ཏཱ་ནས། སྐྱེས་པ་ཞིག་གིས་རྨས་ཕོག་པའི་བྱིས་པ་ཞིག་སྨན་ཁང་དུ་སྐྱེལ་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་པུས་ལུའུ་ཀྲི་མི་དམངས་ཏང་གིས་ཉིན་དེར་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་མའོ་སི་ཏུང་ས་ཁུལ་ནས་འདུ་ཚོགས་སྤེལ་སྐབས་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་སོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་དྲུག་ཅུར་རྨས་ཕོག་ཡོད་ཟེར།

བསྒྲགས་པ་ལྟར་ན། པུས་ལུའུ་ཀྲི་མི་དམངས་ཏང་གིས་ཉིན་དེའི་ཕྱི་དྲོར་ས་ཁུལ་དེ་ནས་འདེམ་བསྐོའི་འདུ་ཚོགས་བསྡུས། ཏང་ཁག་དེའི་མགོ་ཁྲིད་པ་ཞིག་གི་རླངས་འཁོར་རུ་ཁག་འདུ་ཚོགས་སྤེལ་སར་འབྱོར་སྐབས། རང་སྲོག་གཅོད་པའི་འཇབ་རྒོལ་མཁན་ཞིག་གིས་ཉེ་ས་ནས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་སྟེ། སྲིད་ཏང་དེའི་མགོ་ཁྲིད་པ་དང་བཅས་པའི་མི་སོ་ལྔ་རྐྱེན་ལམ་དུ་ཤོར་བ་རེད།

འཇབ་རྒོལ་དོན་རྐྱེན་བྱུང་རྗེས། བདེ་འཇགས་མི་སྣ་དང་རྒུད་སྐྱོབ་མི་སྣས་མྱུར་མོར་འགུལ་སྐྱོད་སྤེལ་བ་དང་། རྨས་མ་དག་ས་དེའི་སྨན་ཁང་དུ་བསྐྱལ། པུས་ལུའུ་ཀྲི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁོས་ཏཱའི་སྨན་ཁང་གིས་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་སྒྲོག་བྱས།

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།