ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་ཙུང་ལི་ཡིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བཅུ་གསུམ་ཉིན་བསྟན་དོན། དབྱི་སི་རལ་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་རྒྱུ་ཡིན་པ་ད་། ཁྱད་པར་དུ་རྒྱ་གར་དང་ཀྲུང་གོ། ཨ་ཧྥེ་རི་ཁ་གླིང་། ལཱ་ཏེན་མེ་གླིང་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་དབྱི་སི་རལ་གྱི་ཙུང་ལིའ་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསལ་སྒྲོག་ནང་བསྟན་དོན། དབྱི་སི་རལ་གྱིས་ཚན་རྩལ་དང་ཞིང་ལས། ཆུ་བེད་དོ་དམ། སྨན་བཅོས་ཁམས་གསོ་སོགས་ཁྱབ་ཁོངས་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་དང་། ཕྱིར་གཏོང་གི་སྦས་ཤུགས་ཆེན་པོ་ལྡན་ཟེར།

ཁོས་བསྟན་དོན། མིག་སྔར་དབྱི་སི་རལ་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐད་ཀར་ཕྱིར་གཏོང་གིས་སྤྱིའི་ཕྱིར་གཏོང་གི་བརྒྱ་ཆའི་ཉེར་ལྔ་ཡས་མས་ལས་ཟིན་མེད། དབྱི་སི་རལ་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དངུལ་གཏོང་དང་ཕྱིར་གཏོང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཇེ་དྲག་ཏུ་བཏང་ན། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་ཐོགས་ཡོད་པར་མ་ཟད། དབྱི་སི་རལ་གྱི་ཁེ་ལས་ཡོང་འབབ་ཇེ་མང་དུ་གཏོང་བ་དང་། དབྱི་སི་རལ་གྱི་དཔལ་འབྱོར་མྱུར་མོར་འཕར་སྣོན་བྱུང་ནས། གཉིས་རྒྱལ་མངོན་འགྱུར་བྱེད་ཐུབ་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།