ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་གྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་འགན་ཡུན་ཇེ་རིང་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་གསུམ་ཉིན་གྲོས་མཐུན་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སུའུ་ཏན་གྱི་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་དུ་སྡོད་པའི་ཆེད་མངག་ཚོགས་པའི་འགན་ཡུན་དེ་ཉིས་སྟོང་བཅུ་དགུ་ལོའི་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་བར་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད།

ཉིན་དེར་གྲོས་འཆམ་བྱུང་བའི་གྲོས་ཆོད་གཉིས་བཞི་གཉིས་དགུ་ལས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སུའུ་ཏན་གྱི་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་དུ་སྡོད་པའི་ཆེད་མངག་ཚོགས་པས་ཞི་བདེ་སྲུང་སྐྱོབ་ཀྱི་ཞོར་དུ། འཁྲུག་རྩོད་ཀྱི་འབྱུང་རྐྱེན་མེད་པར་གཏོང་བའི་རྒྱུན་མཐུད་ཇུས་གཞི་འཚོལ་ཞིབ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སུའུ་ཏན་གྱི་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་དུ་སྡོད་པའི་ཆེད་མངག་ཚོགས་པས་མ་འོངས་པར་འགན་ཡུན་མཇུག་སྒྲིལ་བར་གྲ་སྒྲིག་བྱེད་དགོས་ཟེར།

གྲོས་ཆོད་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སུའུ་ཏན་གྱི་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་དུ་སྡོད་པའི་ཆེད་མངག་ཚོགས་པའི་དམག་དོན་མི་སྣའི་ཁ་གྲངས་དེ་འགན་ཡུན་གསར་བའི་ནང་སྟོང་བཞི་དང་ལྔ་བཅུར་ཇེ་ཉུང་དུ་གཏོང་རྒྱུ་ཡིན་པ་དང་། ཉེན་རྟོག་པའི་ཁ་གྲངས་དེ་སྟོང་གཉིས་དང་ལྔ་བརྒྱ་སྲུང་འཛིན་བྱེད་རྒྱུ་རེད། ཡིན་ཡང་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སུའུ་ཏན་གྱི་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་དུ་སྡོད་པའི་ཆེད་མངག་ཚོགས་པའི་གཞི་རྒྱ་ཇེ་ཉུང་དུ་གཏོང་བ་དེ་ངེས་པར་དུ་དུས་རིམ་བགོས་ནས་རིམ་བཞིན་བབ་བསྟུན་གྱིས་སྤེལ་དགོས་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།